ནད་དུག་འདིའི་རིཊ་འགོ་མང་བའི་དུས་སུ་སླེབས་ཡོད་པས་གཟབ་གཟབ་བྱ་དགོས།

ལོ་རེའི་སྤྱི་ཟླ10པ་ནས་ཕྱི་ལོའི་སྤྱི་ཟླ3པའི་བར་ནི་ནོ་རོ་ནད་དུག་འགོ་མང་བའི་དུས་ཚིགས་ཡིན་ཞིང་། སློབ་གྲྭ་དང་བྱིས་སྙོར་ཁང་སོགས་མི་ཚོགས་འདུ་ཡུལ་ནི་ནོ་རོ་ནད་དུག་འགོ་ཁྱབ་ཆེ་ས་ཞིག་ཡིན། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་མཇུག་སྒྲིལ་ནས་སློབ་གྲྭར་ཕྱིར་ལོག་བྱས་རྗེས་སློབ་གྲྭ་སོགས་གཙོ་གནད་ས་ཆར་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་དྲན་སྐུལ་བྱས་ཡོད།

     ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་པ་ལྟར་ན། ནོ་རོ་ནད་དུག་ནིRNAནད་དུག་ཡིན་པས། གཞན་འགྱུར་འབྱུང་སླ་པོ་ཡོད། ལོ་འགའ་རེའི་རྗེས་སུ་གཞན་འགྱུར་གྱི་དུག་སྡོང་གསར་པ་ཐོན་ནས་གོ་ལ་ཧྲིལ་པོའམ་ཡང་ན་ས་ཁོངས་རང་བཞིན་གྱི་རིམས་ནད་མཆེད་ཀྱི་ཡོད།  

ནོ་རོ་ནད་དུག་གི་ནད་རྟགས་མི་མངོན་པའི་དུས་ཡུན་ཆུ་ཚོད12ནས་ཆུ་ཚོད72བར་ཡིན་ཞིང་།  སྤྱིར་བཏང་ཆུ་ཚོད24ནས48བར་ཡིན་པ་རེད། རྒྱུན་མཐོང་གི་ནད་རྟགས་ནི་སྐྱུག་མེར་ལངས་པ་དང་ཚ་བ་རྒྱག་པ། གྲོད་པ་ན་བ། གྲོད་པ་བཤལ་བ། ནད་པ་ཁག་ཅིག་མགོ་ན་བ་དང་གྲང་ངར་མི་མི་གཟོད་པ། ཤ་གནད་ན་བ་སོགས་ཡིན། བྱིས་པར་གཙོ་བོ་སྐྱུག་པའི་ནད་རྟགས་ཐོན་པ་དང་།  དར་མར་གཙོ་བོ་གྲོད་པ་བཤལ་བའི་ནད་རྟགས་ཐོན་གྱི་ཡོད།

ནོ་རོ་ནད་དུག་ལ་མིག་སྔར་ད་དུང་ནུས་ལྡན་གྱི་ནད་དུག་འགོག་པའི་སྨན་རྫས་ཤིག་མེད་ན་ཡང་། ནད་པ་མང་ཆེ་བར་ན་ཚ་ལྗིད་པོ་མི་ཕོག་པས་སྨན་བཅོས་བྱེད་མི་དགོས། ཉིན་གཉིས་ནས་གསུམ་རིང་ངལ་གསོ་བརྒྱབ་ན་དྲག་སྲིད། 

ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། བྱིས་པ་དང་རྒན་རྒོན། ལྷག་པར་དུ་རྨང་གཞིའི་རང་བཞིན་གྱི་ནད་ཡོད་པའི་རྒན་རྒོན་སོགས་སྐྱུག་པ་ཐེངས་མང་སྐྱུག་པའམ་གྲོད་པ་བཤལ་ནས་ལུས་ཆུ་ཤོར་བ་སོགས་ཀྱི་ནད་རྟགས་ཚབས་ཆེན་ཐོན་ཚེ་དུས་ཐོག་ལ་སྨན་བཅོས་བྱེད་དགོས་ཀྱི་ཡོད། 

མང་ཚོགས་ནས་རང་ཉིད་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་། བཟའ་བཏུང་གི་གཙང་སྦྲར་དོ་སྣང་བྱེད་དགོས། ནད་པས་རབ་བྱུང་ན་ཁྱིམ་སྡོད་ལོགས་བཀར་བྱས་ཏེ་ནད་དུག་གཞན་ལ་འགོ་རུ་མི་འཇུག་པ་དང་། ཁོར་ཡུག་གཙང་སྦྲ་དང་དུག་སེལ་གྱི་བྱ་བ་ཡག་པོར་སྒྲུབ་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号