ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་གནས་ཚུལ་ལ་རྟོག་ཞིབ་བྱས།

ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ནོར་སྲིད་ཆེད་ལས་འཐུབ་ཚབ་ཚན་ཆུང་གི་ཁོངས་མི་ཁ་ཤས་ཀྱི་སྣེ་ཁྲིད་དེ་རྟོག་ཞིབ་ཚན་ཆུང་བཙུགས་ཏེ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲོའུ་ཧོར་རིགས་རང་སྐྱོང་རྫོང་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་ལས་གཞི་གཙོ་བོ་ཁ་ཤས་དང་། ཁེ་ལས་ཀྱི་འཛུགས་སྐྲུན་ཚོང་གཉེར་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་རྗེས་བསྟན་དོན། འགན་འཁྲི་དངོས་འབེབས་དམ་འཛིན་བྱས་ཏེ། ལོ་མགོར་དམངས་ཆེན་འཐུས་ཚོགས་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་རང་བཞིན་མིན་པའི་སྲིད་ཇུས་ཀྱི་འཁོར་ཕྱོགས་ལ་གཅིག་གྱུར་རང་བཞིན་གྱི་གདེང་འཇོག་བྱེད་པར་ཤུགས་སྣོན་པ། སྲིད་ཇུས་ཀྱི་གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཕྱོགས་གཅིག་ལ་མཉམ་དུ་ཤུགས་འདོན་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པར་ཁག་ཐེག་བྱེད་དགོས།  སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་གཙོར་འཛིན་པ་དང་། འགག་སྒོ་ཡང་དག་པར་འཚོལ་བ་དང་འགག་རྩ་དམ་འཛིན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། འགན་སྲུང་ལ་ཤུགས་སྣོན་པ་དང་། ལས་གཞི་ལག་བསྟར་དོན་འཁྱོལ་བྱེད་པར་མ་ཟད་ཕན་ནུས་འདོན་སྤེལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། དམངས་ཁྲོད་ཀྱི་མ་དངུལ་གཏོང་བའི་གསོན་ཤུགས་སྐུལ་སྤེལ་གཏོང་དགོས། ཕྱོགས་མང་པོ་ནས་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་གཏོང་བ་དང་། དམངས་ཆེན་གྱིས་ལྟ་སྐུལ་དང་། ཐག་གཅོད། འདྲི་རྩད་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྲིད་གཞུང་གིས་ནུས་ལྡན་སྒོས་སྤུས་ཚད་མཐོ་བའི་འཛད་སྤྱོད་རྒྱ་བསྐྱེད་ནས་འདོན་སྤྲོད་ནུས་ལྡན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཉོ་ཚོང་ཁོར་ཡུག་རྒྱུན་མཐུད་སྒོར་ལེགས་སྒྱུར་བྱེད་པ། ཁེ་ལས་ཕན་པའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱས་ནས། སྲིད་ཇུས་ཀྱི་ཁེ་སྤོགས་བགོ་བར་ཁག་ཐེག་བྱས། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ་དང་། ཧུར་ཐག་སྒོས་ས་གནས་བུ་ལོན་གྱི་ཉེན་ཁ་དོགས་ཟོན་དང་སེལ་ཐབས་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ་དང་། སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ། ནུས་ཤུགས་ཡོད་རྒུས་ལས་ཞུགས་བརྟན་པོ་ཡོང་བ་དང་། དམངས་ཚིས་ལ་འགན་སྲུང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དམངས་ཚིས་ཀྱི་མི་འདང་ས་ཁ་གསབ་བྱས་ནས་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་དགོས།

གཞི་རིམ་དམངས་ཆེན་འཐུས་མི་ཁ་ཤས་འབྲེལ་ཡོད་རྟོག་ཞིབ་བྱ་འགུལ་དུ་ཞུགས་པར་གདན་འདྲེན་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号