མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་སྐབས་གཉིས་པའི་གྲུབ་འབྲས་ཡར་ཞུ་དང་བྱ་དགའ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས།

ཟླ6པའི་ཚེས27ཉིན་གྱི་དགོང་མོར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཐད་གཏོགས་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྲིད་གཞུང་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་བསྡུས་པའི་བསྐྱོད་ལམ་སྟེང་དུ་དགོངས་པའི་འོད་སྣང་འཚེར། མཚོ་སྔོན་གསར་བ་བསྐྲུན་པའི་ཕུགས་འདུན་བརྟན་ཞེས་པའི་རྨ་ཆུའི་ཆུ་གློག་རྟགས་མའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་གྱི་གྲུབ་འབྲས་ཡར་ཞུ་དང་བྱ་དགའ་སྟེར་བའི་མཛད་སྒོའི་བྱ་འགུལ་སྐབས་གཉིས་པ་ཟི་ལིང་དུ་བསྡུས།

བྱ་འགུལ་ཡུལ་དངོས་སུ། བྱ་དགའ་ཐོབ་པའི་སྒྲོག་འགྲེལ་མི་སྣ་ཁ་ཤས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཟབ་མོ་བྱས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་དང་མཚོ་སྔོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་དཔའ་སྐྱེད་མདུན་སྐྱོད་ཀྱི་གཏམ་རྒྱུད་སྒྲོག་འགྲེལ་བྱས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པ་དང་དེའི་ཐད་ནས་བླངས་པའི་གྲུབ་འབྲས་གཡུར་དུ་ཟ་བ་གཅིག་བསྡུས་སྒོས་འགྲེམ་སྟོན་བྱས་ཏེ། ཚང་མར་ཕུན་སུམ་ཚོགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་དགའ་སྟོན་ཞིག་བཤམས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་དེ་ད་ལོའི་ཟླ3པའི་ཚུན་དུ་སྤེལ་འགོ་བརྩམས་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་དང་། རྫོང་དང་གྲོང་ཁྱེར་དང་ཆུའུ་ཞེ་ལྔ། ལས་ཁུངས་ལྔ་བཅས་ཀྱིས་ཧ་ཅང་མཐོང་ཆེན་དང་རྩ་འཛུགས་ཞིབ་མོ་བྱས་ནས། འགྲན་བསྡུར་ཐེངས་ཉིས་བརྒྱ་ལྷག་བསྡུས་པ་དང་། མི་སྟོང་དྲུག་ལྷག་འགྲན་བསྡུར་ཞུགས་ཤིང་། ཟིན་བྲིས་དགུ་བརྒྱ་ལྷག་དང་བརྙན་རིས་ཐུང་བ་ལྔ་བརྒྱ་ལྷག་དཔྱད་འདེམས་ལ་ཞུགས། འགྲན་བསྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་སྙན་ཞུའི་རང་བཞིན་གྱི་སྒྲོག་འགྲེལ་དང་། གཞུང་ལུགས་དང་རིག་རྩལ་མཉམ་འབྲེལ་རང་བཞིན་གྱི་སྒྲོག་འགྲེལ། སྒྲོག་འགྲེལ་ཟིན་བྲིས་དཔྱད་བསྡུར། སྒྲོག་འགྲེལ་བརྙན་རིས་ཐུང་བའི་དཔྱད་བསྡུར་བཅས་རྣམ་པ་བཞི་བཀོད་སྒྲིག་བྱས་པ་དང་། རིམ་པ་རེ་རེའི་གདམ་གསེས་དང་ལེགས་ཁྲོད་ལེགས་འདེམ་བྱེད་པ་བརྒྱུད་དེ། ཕུལ་དུ་བྱུང་བའི་གཞུང་ལུགས་སྒྲོག་འགྲེལ་གྱི་མི་སྒེར་དང་གཞུང་ལུགས་དང་རིག་རྩལ་མཉམ་འབྲེལ་རང་བཞིན་གྱི་སྒྲོག་འགྲེལ་ལེ་ཚན། སྒྲོག་འགྲེལ་ཟིན་བྲིས་དང་སྒྲོག་འགྲེལ་བརྙན་རིས་ཐུང་བ་བཅས་མང་པོ་བྱུང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号