གཞོན་ནུ་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ་བའི་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཉིན་ཤས་གོང་། “2024ལོའི་གཞོན་ནུ་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ་བའི”བྱེད་སྒོའི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོཌ་འདུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་འཚོཌ་པ་རེད། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སུ་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་ཐེངས་ཁྲི62ལྷག་ཙམ་སྤེལ་བར་དང་བླངས་པ་ཁྲི44ལྷག་ཙམ་ཞུགས་ཡོད།

ཚོགས་འདུའི་ཐོག དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་ནི་ཁྲིམས་སྐྱོང་སྤྱི་ཚོགས་ཀྱི་རྨང་གཞིའི་འདུ་འགོད་ཅིག་ཡིན་པ་དང་དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཡུན་རིང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཡིན། གཞོན་ནུ་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ་བའི་བྱེད་སྒོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མངོན་གསལ་དོད་པོས་དྲིལ་བསྒྲགས་བྱེད་པ་དང་། རྩ་ཁྲིམས་དང་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་སོགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་བསྟན་པ་རེད།

ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཝང་ཧུང་ཞང་གིས། གཞོན་ནུ་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས་ཁྲིམས་སྐྱོང་རིག་གནས་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་ཀྲུང་གོ་ཁྲིམས་རིག་པ་ལྷན་ཚོགས་དང་། ཁྲིམས་འཛིན་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། 2008ལོའི་ཟླ5པར་སྤེལ་བ་ནས་བཟུང་རྒྱ་ཆེའི་གཞོན་ནུ་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པ་མུ་མཐུད་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་། བཅའ་ཁྲིམས་བློ་འདྲི། བཅའ་ཁྲིམས་ཞབས་ཞུ་བཅས་བྱས་པ་དེས་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་བརྗོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号