རྐང་ཚ་རྫོང་གི་མཚོ་སྔོན་པོའི་བོད་ལུག་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི་དམིགས་ཚད་ལ་གཞིགས་ནས། ནུས་ཤུགས་ཡོད་རྒུས་བོད་ལུག་གི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱས་ཏེ་ཐོན་ལས་སྦྲེལ་ཐག་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་སྟེ། རྒྱུད་བཟང་དང་གཞི་ཁྱོན་ལྡན་པའི་གསོ་སྐྱོང་། གཟན་ཆས་ཚད་ལྡན་ཅན་འཛུགས་སྐྲུན་དང་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཤུགས་བསྣན་ནས"མཚོ་སྔོན་པོའི་བོད་ལུག"གི་ཆས་རྟགས་ཀྱི་སྙན་པ་སྔར་ལས་རྒྱས་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་གནང་།

རྐང་ཚ་རྫོང་གིས་བོད་ལུག་གི་རྒྱུད་བཟང་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་ཆས་རྟགས་ལ་བརྟེན་ཏེ་ཕྱུགས་ལས་སྟོབས་ཆེར་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ནས་རྒྱུད་བཟང་འདེམས་གསོ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་། ཚན་ཞིབ་སློབ་གླིང་དང་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་མཚེ་རྒྱུད་མང་བའི་བོད་ལུག་གི་ཆས་རྟགས་གསར་པ་སྐྱེད་སྲིང་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁས་ལེན་ར་སྤྲོད་ཤུགས་ཆེར་བཏང་བས་མཚོ་སྔོན་པོའི་བོད་ལུག་ནི་རྒྱལ་ཡོངས་ཀྱི"རྫོང་གཅིག་ལ་ཁྱད་ལྡན་གཅིག”གི་ཀྲུང་གོའི་ཆས་རྟགས་དཀར་ཆག་ནང་ཚུད་ནས་བོད་ལུག་གི་རྒྱུད་བཟང་གསོ་སྤེལ་དང་ཁྱབ་གདལ་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད། མིག་སྔའི་བར། བོད་ལུག་གསོ་སྤེལ་རྟེན་གཞི1དང་རྒྱུད་བཟང་གསོ་སྤེལ་ར་བ1། བོད་ལུག་རྒྱུད་བཟང་གསོ་སྤེལ་ར་བས་ལྟེ་བའི་ཚོགས་པ110བཙུགས་ནས་རྒྱུད་སྤེལ་ཐུབ་པའི་མ་མོ22000ཟིན་ལ་རིམ་པ་དང་པོའི་ཡན་གྱི་ཁྲོམ་ཆེན1000ཡོད།

རྐང་ཚ་རྫོང་གིས"ཆས་རྟགས་རིགས་གཅིག་གྱུར་དང་གཟན་ཆས་གཅིག་གྱུར། བྲིན་ཚོང་གཅིག་གྱུར། དོ་དམ་གཅིག་གྱུར། ལག་རྩལ་གཅིག་གྱུར"བཅས་ཀྱི་གཅིག་གྱུར་ཚད་ལྡན་གྱི་དཔེ་དབྱིབས་ལྔ་འཚོལ་ཞིབ་བྱས་ནས་བོད་ལུག་གི་སྤུས་ལེགས་ཁ་གསབ་རྒྱུ་ཆའི་ཐོན་རྫས་སྡེབ་སྦྱོར་ལེགས་སྒྱུར་རིམ་སྤོར་བྱས་པ་དང་། ཞིང་ཆེན་རིམ་པའི་བོད་ལུག་ཐོན་ལས་མནའ་འབྲེལ་གྱི་ཆེད་མཁས་གདན་དྲངས་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་བྱས་ཏེ་བོད་ལུག་གཞི་ཁྱོན་ཅན་དང་ཕན་ནུས་ཆེ་བའི་གསོ་སྤེལ། ཚད་ལྡན་ཅན་དང་སྐྱོན་བྲལ་ངང་གསོ་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་བོད་ལུག་གི་ཤའི་སྤུས་ཚད་ལ་རྩ་བའི་འགན་ལེན་བྱས།

རྐང་ཚ་རྫོང་གིས"གསོ་སྤེལ-ཐོན་སྐྱེད-ལས་སྣོན-བྲིན་ཚོང-སྐྱེལ་འདྲེན"བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཐོན་ལས་མ་ལག་འཛུགས་ནས་འཐུས་ཚང་སྒོས་བོད་ལུག་སྟོང་གསོ་སྤེལ་རྟེན་གཞི21དང་། བོད་ལུག་ཁྲི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་གཞི་རྟེན་དུ་བྱས་པའི་ནོར་གནག་དང་བོད་ལུག་གསོ་སྤེལ་གྱི"ཁྲི་སྟོང་འཆར་གཞི"ལ་སྐུལ་འདེད་ཧུར་ཐག་བཏང་ནས་མ་དངུལ་སྒོར་ཁྲི3000བཏང་སྟེ་ཕྱུགས་རིགས་གསོན་པོ་ཉོ་ཚོང་བསྡུ་འགྲེམས་ལྟེ་གནས་དང་འཁྱགས་སྦྲེལ་མཛོད་འཇུག་ཟོག་འགྲེམས་རྟེན་གཞི་བསྐྲུན་པ་དང་། ཚད་ལྡན་ཅན་གྱི་རྩྭའི་ཐོན་ལས་རྟེན་གཞི་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ་རྫོང་ཡོངས་ཀྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号