མཚོ་སྔོན་མདའ་བཞི་རྫོང་དུ་རྩྭ་གཡི་ཡིས་ཕྲུ་གུ་ཁྲིད་དེ་རྩྭ་ཐང་དུ་རྩེད་འཇོ་རོལ་བ།

ཟླ6འི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་དཔལ་སྦྱིན་སོག་རིགས་ཡུལ་ཚོ་ཚ་ཀོར་ཐང་རྩྭ་ཐང་དུ་པར་རིས་སྒྱུ་རྩལ་པ་ཞིག་གིས་རྩྭ་གཡི་ཡིས་ཕྲུ་གུ་ཁྲིད་དེ་རྩྭ་ཐང་དུ་རྩེད་འཇོ་རོལ་བའི་པར་རིས་ཁྱད་མཚར་ཅན་འགའ་བླངས་ཡོད། པར་མིག་ཁྲོད་དུ་རྩྭ་གཡི་ཡི་ཕྲུ་གུ་ཨ་མ་དང་ལྷན་དུ་རྩེད་འཇོ་རོལ་བ་དང་ཕྲུ་གུ་སྤུན་གསུམ་འཛིང་རེས་བྱེད་པ། ཁ་ཟས་འཚོལ་བའི་ཐབས་རྩལ་སློབ་པ་སོགས་ཀྱི་སྣང་བརྙན་ཡིད་དུ་འོང་བ་པར་མིག་ཏུ་འཁྲུངས་ཡོད། རྩྭ་གཡི་ནི་མཚོ་བོད་མཚོ་སྒང་གི་ཤར་ཕྱོགས་སུ་གནས་ཤིང་། དེ་ནི་ཀྲུང་གོ་ཁོ་ནར་ཡོད་པའི་ཞི་ལའི་རིགས་ཀྱི་སྲོག་ཆགས་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ཡིན།

རྩྭ་གཡི་ཡི་ཕྲུ་གུས་ཨ་མ་དང་ལྷན་དུ་ཁ་ཟས་འཚོལ་བ།

རྩྭ་གཡི་ཡི་ཕྲུ་གུས་ཚང་ལས་ཕྱིར་རོལ་ལ་བལྟ་བ།

རྩྭ་གཡི་ཡི་ཕྲུ་གུས་ཨ་མའི་ནུ་མ་ནུ་བཞིན་པ། 

རྩྭ་གཡི་ཡི་ཕྲུ་གུས་གད་རྩེད་བྱེད་བཞིན་པ།

རྩྭ་གཡི་ཡི་ཕྲུ་གུ་ཨ་མ་དང་ལྷན་དུ་རྩྭ་ཐང་དུ་འགྲོ་བཞིན་པ།

 རྩྭ་གཡི་ཡི་ཕྲུ་གུ་ཨ་མ་དང་ལྷན་དུ་རྩེད་འཇོ་རོལ་བ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号