མཚོ་སྔོན་མདོ་ལའི་ལབ་རྩེ་སྒང་ལྗོངས་ཁུལ་སྒོ་ཕྱེ་ནས་ཚོང་གཉེར་བྱས།

 "5·19"ཀྲུང་གོའི་ཡུལ་སྐོར་ཉིན་མོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་གནས་པའི་ལབ་རྩེ་སྒང་ལྗོངས་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ་ཏེ། ཡུལ་སྐོར་བས་ལྷ་ཡུལ་མདོ་ལ་འཚོལ་ཞིབ་དང་མཁའ་ཟམ་གྱི་ཚོར་བ་ཉམས་སུ་མྱོང་པར་བསུ་བ་བྱས། ལྗོངས་ཁུལ་གྱིས་མདོ་ལ་རིང་མོའི་རི་ཁུལ་གྱི་མཛེས་ལྗོངས་ཐོན་ཁུངས་ལ་བརྟེན་ནས་ལྗོངས་གཟིགས་དང་ཡུལ་སྐོར་སྤྲོ་གསེང་། རི་འཛེགས་འཚོལ་ཞིབ། རོལ་རྩེད་ཉམས་ལེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རི་ཁུལ་ལུས་རྩལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཁུལ་ཞིག་བསྐྲུན་ཡོད།

ལབ་རྩེ་སྒང་ལྗོངས་ཁུལ་གྱིས་མདོ་ལ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་འོད་མདངས་བཀྲ་བའི་དམངས་སྲོལ་རིག་གནས་ལ་བརྟེན་ནས"རང་བྱུང་ལྟ་སྐོར+དམངས་སྲོལ་རིག་གནས་ཉམས་ལེན+རི་ཁུལ་མྱུལ་ཞིབ་ཉམས་ལེན"གྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

"ལབ་རྩེ་སྒང་ལྗོངས་ཁུལ་གྱི་ལྷོ་ངོས་ནི་ལོ་གང་བོར་ཞུ་བ་མེད་པའི་ཨ་མྱེས་སྟོང་སོའི་ཁ་བའི་ལྗོངས་ཁུལ་ཡིན་པ་དང་བྱང་ངོས་ནས་ཏན་ཞ་ས་གཤིས་མཐོང་ཐུབ་ལ། ནུབ་ངོས་སུ་སྟག་སྣ་མགོན་ཆུ་མཛོད་ཀྱི་བརྗིད་ཆགས་པའི་མཚོ་ངོས་ཀྱི་ལྗོངས་རྣམ་མཐོང་ཐུབ། ཤར་ངོས་ནས་མདོ་ལ་རྫོང་གི་ཤར་སྒོའི་ལྗོངས་ཁུལ་ཧྲིལ་བོར་ལྟ་ཐུབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号