མཚོ་བྱང་ཁུལ་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གསར་བརྗེའི་རིག་གནས་གཞི་རྒྱུ་རྒྱུན་འཛིན་བྱེད་པའི“བདུན་གཅིག”རིག་རྩལ་འདུ་འཁྲབ་བྱེད་སྒོ་སྤེལ།

ཟླ6པའི་ཚེས27ཉིན་གྱི་སྔ་དྲོར། སྐད་གསེང་མཐོན་པོའི་གླུ་སྒྲ་དང་སྙན་འཇེབས་ལྡན་པའི་འགྱུར་ཁུག་སྨོན་ལམ་མཐོན་པོ་ནས་གང་སར་མཆེད་ལ། མཚོ་བྱང་ཁུལ་གྱིས་གནས་འདིར"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་དང་གསར་བརྗེའི་རིག་གནས་གཞི་རྒྱུ་རྒྱུན་འཛིན་བྱེད་པའི"བདུན་གཅིག"རིག་རྩལ་འདུ་འཁྲབ་གཟབ་རྒྱས་ངང་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་བྱེད་སྒོར་ཕེབས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་གྱིས་གཙོ་སྐྱོང་གནང་།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར103ལོན་པ་དང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཞིང་ཆེན་ཏང་ཨུའི"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི"བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་གཏོང་བར་ཁྲིད་སྟོན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་ལས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་རྟོགས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་དང་། ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ལྷན། ཁུལ་རིག་གནས་ཡུལ་སྐོར་ཅུས། ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་སྒྲུབ་འགན་འཁུར་བའི"མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་གཏོང་། གསར་བརྗེའི་རིག་གནས་གཞི་རྒྱུ་རྒྱུན་འཛིན་བྱེད་པའི""བདུན་གཅིག"རིག་རྩལ་འདུ་འཁྲབ་བྱེད་སྒོ་སྤེལ་ལ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཚད་མེད་བྱེད་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་ཀྱི་གོམ་སྟབས་རྗེས་སུ་དམ་པོར་འབྲང་བ་དང་བྱས་རྗེས་ཧུར་ཐག་འཇོག་པ། དངོས་སྒྲུབ་ཀྱི་འགན་འཁུར་བའི་སྙིང་སྟོབས་མངོན་པར་བྱས་ཡོད།

རིག་རྩལ་འདུ་འཁྲབ་དེ་མགོ་ཚུགས་ཞབས་བྲོ<<བརྩེ་སེམས་མཐོ་སྒང་དུ་ཁྱབ་པ>>ཞེས་པའི་འགྱུར་ཁུག་ཁྲོད་མགོ་ཚུགས། གླུ་གར<<སྤྱི་ཁྱབ་ཧྲུའུ་ཅི་ངའི་ཕ་ཡུལ་དུ་ཕེབས་པ>><<ཡིད་སྨོན>><<གསར་བརྗེའི་གླུ་གཞས་མཉམ་ལེན>><<ཉི་མར་ཕུལ་བའི་གླུ>>ཞབས་བྲོ<<ཁྱད་འཕགས་ཀྱི་ལོ་ཟླ>><<ཆེས་བརྩེ་བའི་ཁྱེད་ལ་ཕུལ་བ>><<མཛེས་སྡུག་ལྡན་པའི་ཀྲུང་གོ>><<ཆང་ཞིམ་པོ་ཏང་ལ་ཕུལ་བ>>ཞེས་པ་དང་། མཉམ་གཞས<<ཀྲུང་གོ་གསར་པའི་རལ་གྲི་འཕྱར་བའི་ས་ཆ>>ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་སོགས་མི་སེམས་རབ་ཏུ་འཕྲོག་པའི་རིག་རྩལ་གྱི་གསོལ་སྟོན་ཡག་པོ་ཞིག་ཏུ་གྱུར་ལ། ཕྱོགས་ཡོངས་ནས་མཚོ་བྱང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་རོགས་རེས་བྱས་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་རི་ཀླུང་དང་ཡུན་རིང་གི་ལོ་རྒྱུས་རིག་གནས་འབྲི་བ། འོད་སྟོང་འཕྲོ་བའི་རིག་གནས་གསར་སྐྲུན། རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་བཅས་བྱེད་པའི་དར་རྒྱས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མཚོན་ཞིང་། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན”པའི་རྣམ་པ་གསོན་ཉམས་ལྡན་པ་ཞིག་བྲིས།

ཧྲི་ཧུང་ཀྲན་གྱིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་བྱང་ནི་གསར་བརྗེའི་ས་གཞི་དྲོན་མོ་ཞིག་ཡིན་ལ་གནས་འདིར་གསོ་སྐྱོང་བྱས་ནས་ཐོན་པའི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱིས་ཀྲུང་ཧྭ་མི་རིགས་ལ་ཉམས་པ་མེད་པའི་བསམ་པའི་མཛད་རྗེས་རྡོ་རིང་ཞིག་བཙུགས་ཡོད། ཉེ་བའི་ལོ་ཤས་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་བཅངས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་བསམ་པའི་བཙན་ས་གཏོད་རྒྱུར་དམིགས་ནས221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཚད་གཞི་མཐོན་པོས་སྐུལ་འདེད་བཏང་ནས་གསར་བརྗེའི་ཉམས་ཞིབ་གསར་གཏོད་བྱས་པས་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་གསར་བརྗེའི་རིག་གནས་ཆས་རྟགས་ཕྱོགས་ཡོངས་ནས་བཏོད་ཡོད།  སྐྱེ་ཁམས་ཀྱི་བཙན་ས་གཏོད་རྒྱུར་དམིགས་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་གསུམ་གཞི་གཅིག་ཏུ་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་པོ་དང་མདོ་ལ་རི་བོའི"རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མི་སེམས་སུ་ཟུག་པ་དང་། འཛུགས་སྐྲུན་ཐོན་ལས་ཀྱི"གནས་བཞི"ལ་དམིགས་པ།" མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཆས་རྟགས་ཀྱིས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་སུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱས་ཤིང་། ནུས་རྒྱུ་གཙང་མའི་ཐོན་ལས་དེ་སྟོང་ཝ་ཁྲི་སྟོང་མང་པོའི་དམིགས་འབེན་ཕྱོགས་སུ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། ཆུ་བེད་དང་འགྲིམ་འགྲུལ། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཚད་བརྒལ་ཆེན་པོ་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཞིང་ཆེན་དང་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག"243"གྱི་འཕེལ་རྒྱས་བཀོད་སྒྲིག་དང"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ནས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དངོས་སྒྲུབ་གཙོ་བོར་བྱེད་པ། མཚོ་བྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་རྩོམ་དགོས་ཟེར།

ཐེངས་འདིའི་འདུ་འཁྲབ་ཀྱིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དྲན་གསོ་ཞུ་བ་དང་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྟོད་གླུ་འབུལ་བ་བརྗོད་དོན་བྱས་ཏེ་ཡུལ་དངོས་ཀྱི་ལྟད་མོ་བར་ངོ་མཚར་བའི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས། གསར་བརྗེའི་འགྱུར་ཁུག་ལ་བརྟེན་ནས་མཚོ་བྱང་གི་རིགས་སོ་སོའི་བུ་བུ་མོ་ཚོར་བདེ་ཐང་ཡར་ཐོན་དང་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་ཞིག་བཏོད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་མཚོ་བྱང་གི་དཔལ་འབྱོར་རིག་གནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེའུ་གསར་པ་གཏོད་པའི་ཁྲོད་ཞུགས་རྒྱུར་སྐུལ་ལྕག་ཐེབས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号