ཤ་བོ་སྐྱབས་རྟེན་གཞིའི་བཟོ་ཁུལ་བཅུ་པར(ཡན་ལག་བཟོ་གྲྭ་གསུམ་པ)ཕེབས་ནས་ཉམས་ཞིབ་ཐོན་ལས་སྐྱེད་སྲིང་གནས་ཚུལ་ལ་བརྟག་ཞིབ་གནང་པ།

ཟླ6པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་བཟོ་ཁུལ་བཅུ་པར(ཡན་ལག་བཟོ་གྲྭ་གསུམ་པ)ཕེབས་ནས་ཉམས་ཞིབ་ཐོན་ལས་སྐྱེད་སྲིང་གནས་ཚུལ་ལ་བརྟག་ཞིབ་གནང་།

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་སློབ་མའི་ཉལ་ཁང་དང་བྱེད་ནུས་སློབ་ཁང་། གསར་བརྗེའི་ཟ་ཁང་། རྒྱལ་སྲུང་སློབ་གསོའི་དམག་དོན་ཉམས་ལེན་ཁང་སོགས་ཉམས་ཞིབ་བྱེད་གནས་ལ་གཟིགས་ཞིབ་གནང་ལ། ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་མ་དངུལ་བཏང་ནས་བཙུགས་པའི་མཚོ་སྔོན་རྡུལ་ཕྲན་མཁར་རྟེན་གཞིའི་ཉམས་ཞིབ་གསོ་སྦྱོང་ཚད་ཡོད་སྤྱི་གཉེར་ཁང་གི་ལས་གཉེར་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་།

ཤ་བོ་སྐྱབས་ཀྱིས་ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གསར་བརྗེའི་ཐོན་ཁུངས་ཡག་པོ་བེད་སྤྱོད་བྱེད་པ་དང་ཉམས་ཞིབ་ཐོན་ལས་གཏོད་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲོམ་ར་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་གསོ་སྐྱོང་གི་སྣེ་ཁྲིད་དེ"གསར་བརྗེའི་ཉམས་ཞིབ+"ཐོན་ལས་ཀྱི་བྱེད་སྟངས་དང་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་པར་ཁས་ལེན་གང་ལེགས་གནང་།

ཤ་བོ་སྐྱབས་ཀྱིས་བསྟན་དོན། བཟོ་ཁུལ་བཅུ་པ(ཡན་ལག་བཟོ་གྲྭ་གསུམ་པ)ནི་མཚོ་བྱང་ཁུལ་གྱི"དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞིའི"གྲས་ཤིག་ཡིན་པའི་ངོས་ནས། ད་ལྟ་སློབ་མའི་ཉལ་ཁང་གསུམ་ལ་ཉལ་ཁྲི400ལྷག་ཙམ་ཡོད་ལ། དེས་མི200ལྷག་ཙམ་གྱིས་དུས་གཅིག་ཏུ་ཟ་མ་ཟ་ཐུབ་པར་མ་ཟད། མི་བརྒྱའི་འཆད་ཁྲིད་ཁང་དང་བྱེད་ནུས་སློབ་ཁང་ཡོད་པས་ཞིང་ཆེན་ནང་ཁུལ་གྱི་ཁང་པའི་ནང་གིCQBརྩལ་འགྲན་ཁང། ཁང་པའི་ནང་གི་ལྷང་འཇགས་རྣམ་པའི་མདའ་འཕེན་ཉམས་ལེན་ཁང་། སྒྱོགས་དམག་གི་གཡུལ་ས་ཆེ་ཤོས་བཅས་བསྐྲུན་ཟིན་པ་དང་། རྒྱལ་གཅེས་རིང་ལུགས་དང་རྒྱལ་སྲུང་སློབ་གསོ། སྐྱེ་ཁམས་དཔལ་ཡོན། ཕྱོགས་བསྡུས་ལག་ལེན་སོགས་ཀྱི་སློབ་ཚན་མ་ལག་རགས་ཙམ་བསྐྲུན་ཡོད། ཚོགས་པ་སྣ་ཚོགས་ལ་ཁ་ཕྱོགས་ནས་ཉམས་ཞིབ་བྱེད་པའི་ཆ་རྐྱེན་ལེགས་བཅོས་ཇེ་མགྱོགས་སུ་བཏང་ནས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། ལྷག་པར་དུ་ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གི་ཉམས་ཞིབ་གསོ་སྦྱོང་སྤྱི་གཉེར་ཁང་ཟླ5པའི་ཟླ་སྟོད་དུ་གཉེར་སྐྱོང་བྱས་པ་ནས་བཟུང་། ཉམས་ཞིབ་བྱེད་སྒོ་སྣ་ཚོགས་དང་རྒྱལ་སྲུང་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་ཐེངས33ལ་འཚོགས་ནས་མི་ཐེངས3000ལྷག་ཙམ་གསོ་སྐྱོང་བྱས་ཏེ"གསར་བརྗེའི་ཉམས་ཞིབ+"ཐོན་ལས་སྐྱེད་སྲིང་བྱེད་པར་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་གསོག་འཇོག་བྱས་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་བྱ་ཐབས་ལ་ཤུགས་བསྣན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་ཏེ། ཁྲོམ་ར་ཅན་གྱི་བྱ་ཐབས་ལ་བརྟེན་ནས"གསར་བརྗེའི་ཉམས་ཞིབ+"ཐོན་ལས་ཀྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་བཟོ་ཁུལ་བཅུ་པའི(ཡན་ལག་བཟོ་གྲྭ་གསུམ་པ)རིག་དངོས་ཉམས་གསོའི་བཟོ་ཁང་དང་བེད་མེད་དུ་བཞག་པའི་ས་ཆ་ཚང་མ་བེད་སྤྱོད་གང་ལེགས་བྱེད་པ་དང་ཉམས་ཞིབ་རྣམ་པ་མང་དུ་གཏོང་བ། ཉམས་ལེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་དགོས་ཤིང་། ད་ཡོད་ཀྱི་ཉམས་ཞིབ་སློབ་ཚན་མ་ལག་ལ་དམིགས་ནས་ཉམས་ཞིབ་སློབ་ཚན་འཐུས་ཚང་དུ་གཏོང་བ་དང་ཉམས་ཞིབ་ཀྱི་ཐོན་ཁུངས་སྡེབ་སྒྲིག་དང་འབྲེལ་ཡོད་རྒྱལ་ཁོངས་ཁེ་ལས་མཉམ་འགུལ་གྱིས་ཉམས་ཞིབ་ཀྱི་འབྲེལ་ཡོད་ཐོན་ལས་ལ་སྐུལ་ཁྲིད་དང་ཉམས་ཞིབ་ཀྱི་ཚོང་ར་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་པ་དང། དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་སྒྲོག་སྨྱན་སྦྱོར་སྣ་ཚོགས་དང་མཉམ་ལས་ཧུར་ཐག་བྱས་ཏེ་མཚོ་བྱང་ཉམས་ཞིབ་ཀྱི་ཆས་རྟགས་གྲགས་ཅན་སྐྲུན་པ་བཅས་ཀྱི་ཐད་འབད་བརྩོན་བྱ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་བཟོ་ཁུལ་བཅུ་པའི(ཡན་ལག་བཟོ་གྲྭ་གསུམ་པ)ཉམས་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་བཀོད་ཆ་ཚང་འཐུས་ཚང་དུ་གཏོང་རྒྱུའི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པ་དང་། འབྲེལ་ཡོད་ལས་གཞི་ཡིག་ཐོག་ནས་སྙན་ཞུ་ཧུར་ཐག་ཕུལ་ནས་གློག་དང་དྲོད་རླངས་མཁོ་འདོན། བདེ་འཇགས་མེ་ཟོན་སོགས་ཀྱིས་ཉམས་ཞིབ་ཀྱི་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་བྱེད་དགོས་ལ། ཉམས་ཞིབ་ཐོན་ལས་སྐྱེད་སྲིང་བྱ་རྒྱུར་དམིགས་ནས་རྒྱལ་ཁོངས་ཁེ་ལས་ཀྱིས་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་བྱ་ཐབས་གང་ལེགས་སྒོས་སྤྱོད་རྒྱུར་མཛུབ་ཁྲིད་བྱེད་པ་དང་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས"གསར་བརྗེའི་ཉམས་ཞིབ+"ཐོན་ལས་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号