རྐང་ཚ་རྫོང་གིས“234”བྱ་བ་སྒྲུབ་སྟངས་ལ་བརྟེན་ནས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་འབྲས་ཇེ་མཐོར་བཏང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་གཟབ་ནན་གྱིས་ལག་བསྟར་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ཡི“ལེགས་འཛིན་བཅུ་དང་སྐུལ་འདེད་བཅུ”ཡི་བྱ་བའི་བཀོད་སྒྲིག་ལ་བསྡུར་བ་བྱེད་པ། སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པ་དམིགས་འབེན་གཙོ་བོར་འཛིན་པ། “234”ཡི་བྱ་བ་སྒྲུབ་སྟངས་མགོ་རྩོམ་ས་བཅས་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་འབྲས་ནུས་ཤུགས་གང་ཡོད་སྒོས་ཇེ་མཐོར་བཏང་།

“སྟོན་ཕྱོགས་གཉིས”འབུར་དུ་དོད་དེ། གསོ་སྦྱོང་གི་འགག་གནས་ཁོང་དུ་ཆུད་པར་བྱས་པ། ཆབ་སྲིད་ཀྱི་སྟོན་ཕྱོགས་འབུར་དུ་དོད་པ། “གྲོས་གཞི་དང་པོའི”སློབ་སྦྱོང་ལམ་ལུགས་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཆེད་དམིགས་བགྲོ་གླེང་འཛིན་གྲྭ་སྐབས2བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པ་མི200ལྷག་ལ་གསོ་སྦྱོང་བྱས། དགོས་མཁོའི་སྟོན་ཕྱོགས་འབུར་དུ་དོད་པ། ཞང་དང་གྲོང་རྡལ་སོ་སོ་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོར་ཁ་གཏད་དེ་གསོ་སྦྱོང་གི་བསམ་འདུན81རྒྱ་ཆེར་སྡུད་ལེན་བྱས་ཏེ། ལོ་འཁོར་མོའི་གསོ་སྦྱོང་གི་འཆར་གཞི་གྲུབ།

“བྱེད་ཡུལ་གསུམ”ལེགས་པོར་བསྐྲུན་ཏེ། གསོ་སྦྱོང་དོན་འཁྱོལ་བྱེད་གནས་བརྟན་པོར་བཏང་བ། ཚད་ལྡན་ཅན་གྱི་རྫོང་ཨུའི་ཏང་གི་སློབ་གྲྭ་གསར་སྐྲུན་བྱས། མ་དངུལ་སྒོར་ཁྲི110.08བཏང་ནས་སློབ་མའི་ཉལ་ཁང་དང་ཟ་ཁང་བཅོས་བསྒྱུར་རིམ་སྤར་བྱས་ལ། མ་དངུལ་སྒོར་ཁྲི76.5བཏང་ནས་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། སྤུས་ལེགས་ཅན་གྱི་དགེ་རྒན་དཔུང་སྡེ་སྟོབས་ལྡན་དུ་བཏང་། དགེ་རྒན་དཔུང་སྡེའི་བྱེད་སྒོ་བྱང་ཚད་ཤུགས་གང་ཡོད་སྒོས་ཇེ་མཐོར་བཏང་སྟེ།ཆེད་དམིགས་གཅིག་བསྡུས་སློབ་སྦྱོང་ཐེངས14དང་ཕྱི་བགྲོད་གསོ་སྦྱོང་མི་ཐེངས12ཡོངས་འགྲུབ་བྱས་ལ། འཆད་ཁྲིད་དགེ་རྒན1དང་སྒྲིག་ཕྱིའི་འགྲེལ་བཤད་པ6སྤྱི་བསྒྲགས་སྒོས་གདན་ཞུ་བྱས། ཡུལ་དངོས་ཀྱི་སློབ་སྦྱོང་བྱེད་ཡུལ་ཞིབ་ཚགས་ཀྱིས་འཛུགས་སྐྲུན་བྱས་པ་དང་།“གནས་གཅིག་དང་ལྟེ་གནས་གཅིག ཁུལ་གཉིས། རྟེན་གཞི་གསུམ”གྱི་རྨང་གཞིའི་སྟེང་། སློབ་གནས2མུ་མཐུད་དུ་གསར་སྐྲུན་བྱས།

“མ་དཔེ་བཞིར”དམིགས་ཏེ། གསོ་སྦྱོང་གི་འཇུག་གནས་གསར་སྐྲུན་བྱས་པ། “དྲ་ལམ+ཡུལ་དངོས”ཁྱོན་ཡོངས་སུ་ཁེབས་པར་བྱས་པ། དྲ་མིག་གསོ་སྦྱོང་སྐབས5རྩ་འཛུགས་སྒོས་སྤེལ་ཏེ། ཁའོ་རིམ་པའི་ལས་བྱེད་པའི་གསོ་སྦྱོང་ཁེབས་ཚད100%ལ་སླེབས་པ་དང་། “སློབ་ཁང+རྟེན་གཞི”ཡི་ཉམས་མྱོང་དང་ཐབས་ལམ་དཔེར་བལྟས་པ། ཕུལ་བྱུང་འདེམ་བསྐོ་སློབ་མ་དང་ན་གཞོན་ལས་བྱེད་པ65རྩ་འཛུགས་བྱས་ཏེ་པེ་ཅིན་སོགས་སུ་སོང་ནས་གསོ་སྦྱོང་དུ་ཞུགས་ཏེ། མགོ་ཁྲིད་ལས་བྱེད་པའི་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ལ། “གསོ་སྦྱོང+ལྟ་སྐུལ”གྱིས་སློབ་སྲོལ་ལ་སྐུལ་འདེད་བཏང་། གསོ་སྦྱོང་སྔོན་དུ་གཅིག་བསྡུས་སྒོས་སྒྲིག་ཁྲིམས་གསལ་འདེབས་བྱས་པ་དང་། གསོ་སྦྱོང་གི་སྒྲིག་ཁྲིམས་གསལ་འདེབས་གྲོས་ཚོགས་ཐེངས14ལ་རྩ་འཛུགས་བྱས་ཏེ་འཚོགས་ལ། “དཔྱད་ཞིབ+དཔྱད་འཇོག”གིས་གྲུབ་འབྲས་ལ་ཞིབ་བཤེར་བྱས། “ལས་ཞུགས་རྒྱུགས་ལེན+རྗེས་འདེད”ཀྱི་དོ་དམ་མ་དཔེ་སྤྱད་པ་དང་། གོ་རིམ་ཡོངས་སུ་སློབ་མའི་སྤྱོད་ཚུལ་ཁོང་དུ་ཆུད་པ། གསོ་སྦྱོང་སྤུས་ཀར་ཚན་རིག་དང་མཐུན་པའི་སྒོ་ནས་དཔྱད་དཔོག་བཅས་བྱས་པར་མ་ཟད། དཔྱད་འཇོག་མཇུག་འབྲས་དེ་ལས་བྱེད་པར་རྟོག་ཞིབ་དང་དཔྱད་ཞིབ་བྱེད་པའི་དཔྱད་གཞི་གཙོ་བོར་བརྩིས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号