མདའ་བཞི་རྫོང་སྒར་འདེབས་རྟེན་གཞིར་ཡོང་འབབ་སྒོར་ཁྲི214.6བྱུང་།

2023ལོར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཁྲོམ་རའི་འགྲོ་ཕྱོགས་གསར་པ་བརྩོན་ལེན་དང་ལས་རྣམ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ། སྒར་འདེབས་བྱ་ཡུལ+ཡུལ་སྐོར་བྱེད་སྟངས་གསར་གཏོད་བྱེད་པ། སྒར་འདེབས་དང་ལྗོངས་ཁུལ། སྐྱེ་ཁམས། མི་ཆོས་རིག་གནས་ཀྱི་ཡུལ་སྐོར་ཐོན་ཁུངས་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་དེ་ཡུལ་སྐོར་པའི་ཡུལ་སྐོར་གྱི་སྤྲོ་སེམས་འཕེལ་བར་བྱས། མིག་སྔའི་བར་རྫོང་ཡོངས་ཀྱི་སྒར་འདེབས་རྟེན་གཞིས་ཡུལ་སྐོར་བ་མི་ཐེངས་ཁྲི8ལ་སྣེ་ལེན་བྱས་ཤིང་ཡོང་འབབ་སྒོར་ཁྲི214.6ཡོད།

མདའ་བཞི་རྫོང་གིས་མཚོ་སྐོར་ལམ་རྒྱུད་དང་གསེར་དངུལ་ཐང་སོགས་ལྗོངས་ཁུལ་འདེམས་རྒྱུར་མཐོང་ཆེན་བྱས་ནས་སྒར་འདེབས་དང་ཉམས་ལེན་གཙོ་རྐང་དུ་བྱས་ཏེ་སྔ་རྗེས་སུ་གསེར་དངུལ་ཐང་གི་ཆུ་ཐོག་སྤྲོ་སྐྱིད་གླིང་དང་གསེར་དངུལ་མཚེའུའི་སྒར་འདེབས་རྟེན་གཞི། བྱེ་མ་གསེར་ལྡན་ཡུལ་སྐོར་བྱ་ཡུལ། ནུབ་མཚོ་སྐར་ཁུང་སྒེར་འཁོར་གཏོང་བའི་སྒར་འདེབས་བྱ་ཡུལ། བོན་གྱའི་མཁའ་དབྱིངས་གསང་ཡུལ་མགྲོན་ཁང་། སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི། གུར་གསུམ་རྒྱས་སྤྲོས་སྒར་འདེབས་རྟེན་གཞི་སོགས་བསྐྲུན་ནས་ཡུལ་སྐོར་བར་གུང་གསེང་རིང་གི་ཡུལ་སྐོར་ངལ་གསོ་གནས་མཁོ་འདོན་བྱས།

སྒར་འདེབས+ཡུལ་སྐོར་བྱེད་སྟངས་འཕེལ་རྒྱས་ཧུར་ཐག་གཏོང་པ་དང་། སྒར་འདེབས་དང་ལས་རིགས་སོ་སོ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། སྒར་འདེབས+བྲིན་ཚོང་བྱེད་སྟངས་ལ་སྐུལ་འདེད་གཏོང་པ། རྫོང་ཁོངས་ཀྱི་སྒེར་གྱི་ཚོང་ཁང་གིས་སྒར་འདེབས་བྱ་ཡུལ་དུ་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དང་བཟའ་བཏུང་རྒྱུ་ཆ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བྱེད་པ། ཞིང་ཕྱུགས་ཐོན་རྫས་རྫོང་ཁོངས་སུ་བྲིན་ཚོང་བྱ་རྒྱུར་སྐུལ་ཁྲིད་བྱེད་པ། སྒར་འདེབས+ཉམས་ལེན་བྱེད་སྟངས་ལ་སྐུལ་འདེད་བཏང་ནས་སྒར་འདེབས་ཡུལ་སྐོར་དང་རྩྭ་ཐང་ལྟ་སྐོར་ཡུལ་སྐོར། གསར་བརྗེའི་ཉམས་ཞིབ་ཡུལ་སྐོར། གཟུགས་འདས་ཤུལ་བཞག་རིག་གནས་ཡུལ་སྐོར་སོགས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་མདའ་བཞིའི་གསར་བརྗེ་དང་གནའ་ཤུལ། ལྗང་མདོག་བཅས་ཀྱི་ཡུལ་སྐོར་ཆས་རྟགས་གང་ལེགས་མངོན་པར་བྱེད་པ།  སྒར་འདེབས+མཛེས་སྡུག་ལྡན་པའི་གྲོང་གསེབ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་གསེར་ཐང་ཡུལ་ཚོ་མཚོ་ཤར་སྡེ་བ་དང་ཀོང་མེན་སྡེ་བ། ཏའོ་དབྱང་སྡེ་བའི་ནགས་ཚད་སྒར་འདེབས་རྟེན་གཞི། བྱང་རི་ཡུལ་སྐོར་གཞུང་ལམ་དང་ཧྭ་ཧེ་སྒར་འདེབས་སོགས་གྲོང་གསེབ་ཀྱི་སྒར་འདེབས་རྟེན་གཞི་བསྐྲུན་རྒྱུའི་འཆར་འགོད་བྱས།

སྒར་འདེབས་བྱ་ཡུལ་འཛུགས་སྐྲུན་དང་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ། མདའ་བཞིའི་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྨང་གཞི་དང་ཟུང་འབྲེལ་བྱས་ནས་སྒར་འདེབས་བྱ་ཡུལ་ཀྱི་མཛེས་ལྗོངས་ཁུལ་འབྲེལ་མཐུད་ཀྱི་ཡུལ་སྐོར་ལམ་ཐིག་ནུས་ཤུགས་ཡོད་རྒུས་བཏོད་དེ“ས་ཁོངས་ཧྲིལ་པོར་ཁྱབ་པའི་སྒར་འདེབས་བྱ་ཡུལ+རིག་ནུས་སྒེར་འཁོར་གཏོང་པའི་ཞབས་ཞུའགྲིམ་འགྲུལ་ཡོ་བྱད་བརྗེ་སའི་ས་ཚིགས་གཞི་གཅིག་ཅན་གྱི་རྒྱལ་ལམ315སྐྱེ་ཁམས་ལྗོངས་ཁུལ་ལམ་བུ་དངརྒྱལ་ལམ213-S30སྐྱེ་ཁམས་ལྗོངས་ཁུལ་ལམ་བུ། ཞིང་སྡེའི་ཕྱུགས་ལས་ཡུལ་སྐོར་གཞུང་ལམ་དང་གནས་རི་ཙོང་ཆུའི་འབྱུང་ཡུལ་ཡུལ་སྐོར་གཞུང་ལམ་སོགས་ཀྱི་ཡུལ་སྐོར་མ་ལག་ཅིག་ཆགས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号