མཚོ་བྱང་ཁུལ་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་དངོས་སུ་སྤྱོད་མགོ་ཚུགས།

ffe2da6e2f2dbdff448ad174e77662e2_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ཟླ9པའི་ཚེས6ཉིན། ཁྱོན་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་བའི་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་དངོས་སུ་འཛུགས་སྐྲུན་གྲུབ་ནས་སྤྱོད་མགོ་ཚུགས་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞིག   ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་མཐོ་རིམ་སློབ་འབྲིང་འཛུགས་སྐྲུན་གྲུབ་ནས་དངོས་སུ་སྤྱོད་མགོ་ཚུགས་པའི་མཛད་སྒོར་ཞུགས།01a7af00bca4fb802f2bcfa9a509f088_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg01a7af00bca4fb802f2bcfa9a509f088_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

མཛད་སྒོའི་ཐོག་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་དངོས་སུ་སྤྱོད་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲང་ཧྲིང་ཡོན་དང་སུང་ཞུག་ཙུང་གིས་མཉམ་དུ་སློབ་གྲྭའི་སྒོ་བྱང་བཀལ། སུང་ཞུག་ཙུང་དང་ཧ་ཝུན་ཞུག་གིས་ཤིས་ཚིག་འབུལ་སྐབས་དགེ་རྒན་ཡོངས་ཀྱིས་ལས་གཅེས་ལས་བརྩོན་དང་ལེགས་སྐྱེས་འབུལ་རྒྱུར་དགའ་བ། བླ་ན་མེད་པའི་མི་གཤིས་དང་ཀུན་སྤྱོད་ལ་བརྟེན་ནས་སློབ་མར་སློབ་གསོ་གཏོང་བ་དང་ཤུགས་རྐྱེན་ཐེབས་པ་བཅས་བྱས་ཏེ། རྒྱ་ཆེའི་སློབ་མ་ཚོས་ལང་ཚོའི་དུས་ཚོད་ལ་གཅེས་སྤྲས་བྱས་ཏེ་ཕུགས་བསམ་ཆེན་པོ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན་གྱི་རྐང་འཛིན་ཤེས་ལྡན་པར་འགྱུར་དུ་འཇུག་པའི་རེ་བ་ཡོད་པར་བསྟན།

1b5e27d5e3c98370cba8b0012380b484_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དང་ཁུལ་ཨུ། ཁུལ་སྲིད་གཞུང་།  ཧྲན་ཏུང་ཞིང་ཆེན་ཀྲུང་གོ་འབྲུ་རིགས་སྡེ་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང2021ལོའི་ཟླ6པར་ལས་མགོ་ཚུགས་པ་དང་། 2023ལོའི་ཟླ9པར་འཛུགས་སྐྲུན་ལེགས་གྲུབ་བྱུང་སྟེ་བཀོལ་སྤྱོད་བྱེད་མགོ་ཚུགས། སློབ་གྲྭའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ་གཅིག་སུམ་སྟོང་བདུན་བརྒྱ་དང་གཉིས་ཟིན་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བཞི་ཁྲི་དགུ་སྟོང་སུམ་བརྒྱ་བརྒྱད་ཅུ་ཟིན་ལ། ཚད་གཞི་མཐོ་བའི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། ཟ་ཁང་། དཔེ་མཛོད་ཁང་། ཆར་རླུང་ལུས་རྩལ་ཐང་སོགས་ཐོག་ཁང13འཛུགས་སྐྲུན་བྱས་ཡོད། སློབ་གྲྭའི་ནང་མཛེས་ཤིང་ལྟ་ན་སྡུག་པ་དང་། སྒྲིག་བཀོད་ཀྱི་ཚད་གཞི་ཆ་ཚང་བ། སློབ་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ། བྱེད་སྒོ་སྤེལ་ཡུལ་རྒྱ་ཆེ་བ། རིག་ནུས་ཅན་གྱི་སྨྱན་སྦྱོར་ཆ་འཕྲིན་དྲ་བ་འཐུས་སྒོ་ཚང་བ་བཅས་ཡོད་པས་མཐོ་རིམ་སློབ་འབྲིང་གི་སློབ་མ2000ལྷག་ཙམ་གྱིས་སློབ་སྦྱོང་དང་ཞག་སྡོད་བྱེད་ཐུབ།


ཉེ་བའི་ལོ་ཤས་རིང་། འཇུ་ལག་རྫོང་གིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བྱ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། སློབ་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཆ་རྐྱེན་འགན་ལེན་ལ་ཤུགས་སྣོན་པ་སོགས་ཕྱོགས་མང་པོའི་ཐད་ཕྱོགས་བསྡུས་སྒོས་ཤུགས་བསྣན་ཏེ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པའི་སྐྱེ་ཁམས་བཟང་པོ་ཞིག་བཏོད། འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་དུས་བཀག་ལྟར་ལེགས་འགྲུབ་བྱུང་བ་དེས་འཇུ་ལག་རྫོང་གི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གྲྭའི་ཁང་པའི་ཐོན་ཁུངས་བཀོད་སྒྲིག་དང་ནུས་པའི་གྲུབ་ཆ་སྔར་བས་ལེགས་སུ་བཏང་ནས། འཇུ་ལག་གི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་འཛིན་གྲྭ་ཆེན་མོའི་གྲངས་འབོར་དང་། སློབ་གྲྭ་ཆེན་མོའི་གྲངས་འབོར། དོ་དམ་བྱེད་དཀའ་བ་སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་མེད་པར་བཟོས་ཏེ། བྱིས་པ་ཚང་མར་དྲང་གཞག་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱས་ནས། མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་ལ། འཇུ་ལག་གྲོང་རྡལ་གྱི་མཐོ་རིམ་སློབ་འབྲིང་བསྐྲུན་པ་དེ་ནི་འཇུ་ལག་སློབ་གསོའི་བཀྲ་ཤིས་པའི་བྱ་བ་ཆེན་པོ་ཞིག་ཡིན་པས། འཇུ་ལག་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གཏིང་ཤུགས་ཆེན་པོ་བསྣན་ཡོད།

d1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpgd1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpgd1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpgd1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpgd1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpgd1e104d007016b498105c50054a94ed7_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་གི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཅི་ཕིང་གིས་བཤད་རྒྱུར། འཇུ་ལག་མཐོ་རིམ་སློབ་འབྲིང་བསྐྲུན་པ་དེ་ཁུལ་ཡོངས་དང་རྫོང་ཡོངས་ཀྱི་མཐོ་རིམ་སློབ་འབྲིང་སློབ་གསོ་སྔར་བས་ལེགས་སུ་གཏོང་བ་དང་འཕེལ་རྒྱས་གཏོང་བའི་བསྡུས་རིས་ཤིག་ཡིན་པས། ང་ཚོས་མུ་མཐུད་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཁུལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས། དངོས་སྒྲུབ་བཅས་བྱས་ནས། སྤྲོ་སེམས་རབ་ཏུ་འཁོལ་བ་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་པ་ལས་མཚོ་བྱང་གི་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཟེར།


འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་མཐོ་རིམ་སློབ་འབྲིང་གི་སློབ་གཙོ་སུང་ཞན་ཅིན་གྱིས་བཤད་རྒྱུར། ཁག་དང་པོའི་ཚོགས་སྒྲིག་རྣམ་པའི་མཚོ་སྐྱོར་སློབ་གསོའི་ཚོགས་པ་ཞིག་ཡིན་པའི་ངོས་ནས། ང་ཚོར་སྤོབས་པ་ཆེན་པོ་སྐྱེས་ཡོད་ལ་འགན་འཁྲི་ལྕི་མོ་འཁུར་དགོས་པའང་གསལ་པོར་ཤེས་ཡོད། ང་ཚོ་ལུའུ་ཆིང་རོགས་སྐྲུན་དགེ་རྒན་གྱིས་སློབ་ཁང་སློབ་ཁྲིད་དང་སློབ་ཚན་འཛུགས་སྐྱོང་ལ་གཞི་ཚུགས་ཏེ། མཐོ་རྒྱུགས་གསར་པར་ཁ་གཏད་ཧུར་ཐག་གཅོག་པ་དང་། འཇུ་ལག་མཐོ་རིམ་སློབ་འབྲིང་གི་དགེ་རྒན་ཡོངས་དང་མཉམ་དུ་སེམས་རྣལ་དུ་ཕབ་ནས་སྤུས་ཚད་ལེགས་སུ་གཏོང་ཐབས་དང་། མི་གསོ་སྐྱོང་གི་ཇུས་བཟང་འདོན་པ། འཕེལ་རྒྱས་ཀྱི་ཇུས་ཆེན་དོན་གཉེར་བཅས་བྱེད་རྒྱུ་ཡིན་ཟེར།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号