ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཡུན་ནན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལའོ་ཁྲའོ་ཧྥིན་གྱིས་བཞུགས་མོལ་གནང་པ།

ཟླ10པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གདན་ཞུས་ལྟར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོར་ཞུགས་ཤིང་།  དེའི་རིང་། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ནས། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལའོ་ཁྲའོ་ཧྥིན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་དང་བཞུགས་མོལ་བརྗེ་རེས་གནང་།    

ཤ་བོ་སྐྱབས་ཀྱིས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་སྔ་ཞིང་རྨང་གཞི་བཟང་ལ། ཤུགས་རྐྱེན་ཆེ་བ་དང་། “སེམས་ཀྱི་ཉི་ཟླའི”གསེར་གྱི་མིང་བྱང་ཡུལ་ཕྱོགས་ཀུན་ལ་གྲགས་ཤིང་། ཕུ་མདའ་མཚོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གནས་མཆོག་ཁ་བ་དཀར་པོའི་སྙན་པ་གང་སར་ཁྱབ་ཡོད། གྲོང་གསེབ་ཀྱི་སྡོད་དམངས་དང་མཁར་གྲོང་འཛུགས་སྐྲུན་ལ་ཁྱད་ཆོས་ཟབ་མོ་ལྡན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས། མཚོ་བྱང་གིས་སློབ་སྦྱོང་བྱེད་དགོས་པའི་སྔོན་ཐོན་ཉམས་མྱོང་མང་པོ་ཡོད་ལ། མིག་སྔར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་དམིགས་ཚད་ལ་གཞིགས་ཏེ་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ནུས་ཤུགས་ཡོད་རྒུས“གསེར་མདོག་འཇུ་ལག་དང་ལྷ་ཡུལ་མདོ་ལ། བོད་མཁར་རྐང་ཚ།  བདེ་བརྟན་མདའ་བཞི”དང“དག་སྣང་མཚོ་བྱང”བཅས་ཀྱི་ཡུལ་སྐོར་ཆས་རྟགས་གཏོད་བཞིན་ཡོད་ཅིང་། བདེ་ཆེན་ཁུལ་གྱི་ཕུན་སུམ་ཚོགས་པའི་བྱེད་སྟངས་དཔྱད་གཞིར་བཟུང་སྟེ་མཚོ་བྱང་ཁོ་ནར་ཡོད་པའི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་ཀྱི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་ཤུགས་ཆེན་བྱས་ནས“རྒྱལ་ཁབ་སྤྱི་གླིང་གཉིས”བསྐྲུན་པ་དང་། “མདེལ་གཉིས་སྐར་གཅིག”དང“དམར་དམག་ནུབ་ལམ་དམག་དཔུང”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་སོགས་ལ་བརྟེན་ནས། བདེ་ཆེན་ཁུལ་དང་ཕྱོགས་སོ་སོའི་བརྗེ་རེས་དང་འགྲོ་འོང་ལ་སྔར་བས་ཤུགས་བསྣན་བཏེ་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུར་རོགས་རམ་བྱེད་དགོས་པར་བསྟན།

ལའོ་ཁྲའོ་ཧྥིན་དང་ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་དང་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་དང་འཕེལ་རྒྱས་ཀྱི་ངེས་གནས་འདྲ་བས། གཏིང་ཟབ་པའི་བརྗེ་རེས་མཉམ་ལས་ལ་བརྟེན་ནས་མ་འོངས་པར་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས། རྐང་བགྲོད་རི་འཛེག སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་པར་བསྟན།

བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཁྲིན་ཆུན་དང་། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ། མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་བཅས་ཀྱིས་ཕེབས་རོགས་གནང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号