ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཚན་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་སྐབས་ནུས་ཤུགས་ཡོད་རྒུས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་ཁྲོད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན།

ཟླ1པོའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཁུལ་ཐད་གཏོགས་ཚན་ཆུང་དང་མདོ་ལ་རྫོང་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་སེམས་མཐུན་སྟོབས་སྒྲིལ་དང་ཧུར་བརྩོན་ཆེན་པོས་བྱས་རྗེས་འཇོག་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་པའི་ཁྲོད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་པ་ནན་གྱིས་བསྟན།    


ཤ་བོ་སྐྱབས་ཀྱིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ“མཚོ་བྱང་ལྔའི”འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། “མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གོ་སྐབས་དམ་འཛིན་དང་དོན་གཉེར་བྱ་རྒྱུ་དེ་འགག་རྩར་བརྩིས་ནས་དུས་རབས་གསར་པའི་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་ཁུལ་ཐད་གཏོགས་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་དཀྲིས་པའི་དམིགས་ཚད་བླང་བྱ་ཞིག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་དང“མཚོ་བྱང་ལྔའི”འཛུགས་སྐྲུན་བྱེད་པ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་དངོས་ཤིག་ཀྱང་རེད། ཁོས་ནན་གྱིས་བསྟན་དོན་ཏེ་གཅིག་ནས“མཚོ་སྔོན་གྱི་ཕྱུགས་ལས་མཚོ་སྐོར་ས་ཁུལ་ལ་ལྟ་བ་དང་མཚོ་སྐོར་ས་ཁུལ་གྱི་ཕྱུགས་ལས་མཚོ་བྱང་ལ་ལྟ་བ”ཞེས་པར་དམིགས་ཏེ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དང་མཁར་ཟུར་གསུམ་ལུག་རྒྱུད་གསོ་སྤེལ་ར་བར་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”བཟོ་སྐྲུན་ཆ་ཚང་ཚད་འདེགས་རྒྱ་སྐྱེད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྐམས་ཤ་བསྙལ་མ་དང་འོ་ལས་ཐོན་རྫས། སྟར་བུ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་བལ་དཀར་ཁ་བཏགས་དང་སྣམ་བུ། མི་རིགས་ཀྱི་གྱོན་ཆས་བཟོ་བ་སོགས་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ནོར་ལུག་བཤས་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ལུག་དང་ནོར་གནག ནས། ལོག་དཀར། གཟན་ཆས་སོགས་ཐོན་ལས་ཀྱི་ནུས་རྒྱུ་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ“རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ”དང“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྟོབས་ཆེར་བཏང་སྟེ་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཐོན་ཁུངས་ལེགས་ཆ་དང་སྨོན་ལམ་མཐོན་པོ་གསར་བརྗེའི་རིག་གནས་ཀྱི་ནང་དོན་གང་ལེགས་སྤྱད་དེ་ཅིན་ཀང་རི་བོ་དང་ཡན་ཨན། ཞི་པའེ་ཕོ་བཅས་ཀྱི་གསར་བརྗེའི་སློབ་གསོ་གསོ་སྦྱོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི་ནུས་ཤུགས་ཡོད་རྒུས་གཏོད་པ། ཙོང་ཆུའི་ཆུ་མགོའི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གསར་བརྗེའི་རིག་གནས་དང་ཁུ་ནུ་རིག་གནས། མི་རིགས་རིག་གནས་གཏམ་རྒྱུད་སོགས་སྔོག་འདོན་ཡག་པོ་བྱེད་པ། རྟའི་ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་དགོས། གསུམ་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་མ་ལག་ཧུར་ཐག་སྒོས་བསྐྲུན་ནས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་ལ་གཞི་ཚུགས་ཏེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ། ཐོན་ལས་གླིང་ཁུལ10གཞན་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཟེར།

ཤ་བོ་སྐྱབས་མདོ་ལ་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་མདོ་ལ་རྫོང་འདི་ཉིད་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་གནས་པ་དང་རྩྭ་ཐང་རྒྱ་ཆེ་ལ་ཡུལ་ལྗོངས་ལྟ་ན་སྡུག་པ། མི་ཆོས་རིག་གནས་གཏིང་ཟབ་པ། ཐོན་ཁུངས་ཕུན་སུམ་ཚོགས་པས་རྒྱལ་ཡོངས་ནས་རྫོང་མིང་ལ་མདོ་ལ་ཞེས་བཏགས་པའི་རྫོང་གཅིག་པུ་དེ་ཡིན་ལ། མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པའི“སྔོན་སྐྱོད་ཁུལ”ཞིག་ཡིན་པས“མདོ་ལ་རི་ཡིས་ཕྱུག”ཅེས་པའི་མཚན་སྙན་ཐོབ་ཡོད། ཁོང་གིས་ནན་གྱིས་བསྟན་དོན་ཏེ་གཅིག་ནས་མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ“ཞིང་ཆེན་ཡོངས་ཀྱི་མདུལ་གྲལ་དུ་བསྐྱོད་པ་གསུམ”བྱ་བའི་གཙོ་གནད་ལ་བརྩིས་ནས“རི་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་ནན་ཏན་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོན་པོའི་སྲུང་སྐྱོབ་ལ་མཉམ་དུ་སྐུལ་འདེད་གཏོང་བ། སྡོང་འཛུགས་ནགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་རང་བྱུང་སློབ་གསོ་རྒྱ་ཆེར་ཧུར་ཐག་གཏོང་བ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཁྱད་ལྡན་ཕྱུགས་ལས་ཀྱི་རིམ་སྤོར་སྐུལ་སྤེལ་མགྱོགས་སུ་བཏང་སྟེ་མདོ་ལའི་ནོར་གནག་དང་བོད་ལུག ཤ་མོ་སེར་པོ་བཅས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་དང་གསོ་སྤེལ་བྱེད་པ། ནོར་ལུག་གི་མགོ་རུས་དང་རྭ་ཅོ། ཀོ་བ་དང་པགས་པ། བལ་དང་ཁུ་ལུ་སོགས་ལས་སྣོན་ཞིབ་ཚགས་བྱེད་པ། གླ་བ་དང་ཤྭ་བ་སོགས་དམིགས་བསལ་སྲོག་ཆགས་གསོ་སྤེལ་བྱེད་རྒྱ་ཆེ་རུ་གཏོང་བ། “ལྗང་མདོག་སྐྱེ་ལྡན་གྱི་མདོ་ལའི་ཆས་རྟགས”དང“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”གསེར་གྱི་མིང་བྱང་གཏོད་དགོས། གསུམ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པར་དམ་འཛིན་བྱས་ནས་ལྗང་མདོག་གཏེར་རི་ལྗོངས་ཁུལ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྐུལ་འདེད་གཏོང་བ་དང་། བརྒྱད་གཅིག་འཁྱགས་ཀླུང་ལྗོངས་ཁུལ་འཛུགས་སྐྲུན་འཆར་འགོད་ཡག་པོ་བྱེད་པ། སྒར་འདེབས་དཔལ་འབྱོར་དང་མཚན་མོའི་དཔལ་འབྱོར། ནགས་ལས་དཔལ་འབྱོར་སོགས་ཡུལ་སྐོར་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྟོང་སོ་ཆེ་བའི་ནགས་ཚལ་སྐྱེ་ཁམས་ཡུལ་སྐོར་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན་བྱེད་ཤུགས་མགྱོགས་སུ་གཏོང་བ། ཨ་མྱེས་སྟོང་སོ་གངས་བགྲོད་འགྲན་བསྡུར་ཆེན་མོ་རྒྱུན་རྣམ་ཅན་དུ་གཏོང་བ། མི་ཆོས་རིག་གནས་ཀྱི་གཏམ་རྒྱུད་ཡག་པོར་བཤད་པ། ཧོ་ཆུས་པེན་གྱིས་ནུབ་འདུལ་ལོ་རྒྱུས་རིག་གནས་རྒྱབ་ལྗོངས་བྱས་པའི་དངོས་ལྗོངས་ཟློས་གར་འཚོལ་ཞིབ་དང་སྒྲིག་བཟོ་བྱེད་པ། “བཟའ་བཏུང་དང་ཞག་སྡོད། འགྲོ་སྐྱོད། ཡུལ་སྐོར། ཉོ་ཚོང་། ཉོ་རྩེད”བཅས་གཞི་གཅིག་ཅན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ལས་རིགས་ཀྱི་འཕར་གཞི་གསར་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཞི་ནས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་དར་གོས་ཚོང་ལམ་གྱི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོར་བཤད་དགོས། དམར་དམག་ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཀན་སུའུ་ཀའོ་ཐའེ་ལས་བྱེད་པའི་སློབ་གླིང་དང་གྲོས་མོལ་བྱས་ནས་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གསར་བརྗེའི་སློབ་གསོ་དང་ཡུལ་སྐོར་ཐོན་ཁུངས་མཉམ་སྤྱོད་བྱེད་པ་དང་། འབྲོང་ཡུལ་གྲོང་ཁྱེར་དང་མཉམ་ལས་བྱེད་རྒྱུར་ཤུགས་བསྣན་ནས་ཐུན་མོང་ཐོག་སྟག་སྣ་དགོན་པའི་ཆུ་མཛོད་ཀྱི་ལྗོངས་གཟིགས་སྟེགས་བུ་གཏོད་པ་དང་། “ས་གྲོལ་དཔལ་འབྱོར”རྒྱུན་མཐུད་ངང་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་དགོས། ལྔ་ནས་ཡུལ་ཚོ་དང་སྡེ་བའི་ལོ་རྒྱུས་ཁང་། སྡེ་བ་རིམ་པའི“བདེ་སྐྱིད་ཟ་ཁང” སྡེ་བ་རིམ་པའི་སྒོ་རྩིས་ཚོང་ཁང་བཅས་འཛུགས་སྐྲུན་བྱེད་རྒྱུར་ཤུགས་བསྣན་ཏེ་བོད་བཟོའི་ཁྱིམ་ཆས་བཟོ་གྲྭ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ནས་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号