ཁུལ་ཨུས་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་འཚོགས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་། 


ཟླ6པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་ཐེངས་བཞི་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། གཞི་རིམ་ཏང་འཛུགས་སྐྱོང་གི"གཅིག་ཅན་དྲུག"གི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། <<མཚོ་བྱང་ཁུལ་གྱི2024ལོའི་གཞི་རིམ་ཏང་འཛུགས་སྐྱོང་གི"གཅིག་ཅན་དྲུག"གི་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་འཆར་གཞི།>>དང་། <<ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན(རྒྱ་བསྐྱེད)ཚོགས་འདུའི་ཐོག2023ལོའི་ལོ་འཁོར་མོའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་དཔྱད་བརྗོད་བྱེད་པའི་དག་ཐེར་ཇུས་གཞི།>><<2024ལོའི་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་གཙོ་གནད་ལས་འགན་གསལ་ཐོ།>>ལ་གྲོས་ཞིབ་བྱས་ཤིང་། གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག་བསྟན་དོན། གཞི་རིམ་ཏང་འཛུགས་སྐྱོང་ནི་ཏང་འཛུགས་སྐྱོང་གི་རྨང་གཞིའི་བཟོ་སྐྲུན་ཞིག་ཡིན་པས་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས། འཐབ་འཛིང་ནུས་ཤུགས་དང་འབྲེལ་བ་ཡོད་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་འབྲེལ་བ་ཡོད་ལ། ཏང་གི་སྲིད་སྐྱོང་རྨང་གཞི་དང་ཡང་འབྲེལ་བ་ཡོད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བའི་ཐད་བཏོན་པའི"གཅིག་ཅན་དྲུག"གི་བླང་བྱ་དེས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་དོན་དངོས་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་ཆེད་བྱ་བའི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁ་ཕྱོགས་གསལ་བོ་བརྟན་པོར་བཙུགས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས"གཅིག་ཅན་དྲུག"གི་བླང་བྱ་ཚད་གཞིར་བཟུང་སྟེ་ཏང་འཛུགས་སྐྱོང་གི་བྱ་བ་སོ་སོར་སྤྱི་འདོམས་སྐུལ་འདེད་གཏོང་པ་དང་། མཚོ་བྱང་གི་བྱ་བའི་དོན་དངོས་དང་འཚམ་པའི་གཞི་རིམ་ཏང་འཛུགས་སྐྱོང་བྱ་བའི་བྱེད་ཐབས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཏང་འཛུགས་སྐྱོང་གི་བྱ་བར་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར། 


ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཅིག་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་གི་འཛུགས་སྐྱོང་སོ་སོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྤྱི་འདོམས་སུ་བྱེད་པ་རྒྱུན་འཁྱོངས་ཀྱིས"གཏན་འཁེལ་གཉིས"ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་བྱེད་ཐུབ་པར་བྱ་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲིར་བརྩི་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བཟུང་ནས། དེ་ཏང་ཨུའི(ཏང་ཙུའུ)"གྲོས་དོན་དང་པོ"དང་། ཏང་གི་བརྗོད་དོན་ཉིན་མོའི"ནང་དོན་དང་པོ།" ཏང་ཡོན་གྱི་སློབ་གསོའི"སློབ་ཚན་དང་པོ།" བྱ་བར་མཛུབ་ཁྲིད་བྱེད་པའི"བརྩི་སྲུང་ཞུ་ཡུལ་དང་པོ"བཅས་སུ་བཅུག་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཏེ་ཏང་ནང་གི་ཆབ་སྲིད་འཚོ་བའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། གཉིས་ནས་ཐོག་མཐའ་བར་གསུམ་དུ་གཞི་རིམ་ཏང་འཛུགས་སྐྱོང་བྱ་བ་དམ་འཛིན་བྱ་རྒྱུ་དེ་གོ་གནས་ཨང་དང་པོར་བཞག་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ་དང་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་ལམ་སྲོལ་ཇེ་ལེགས་སུ་བཏང་སྟེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་གྱི"སྟོབས་ལྡན་སྡེ་བར་གཏོང་བའི"བཟོ་སྐྲུན་དང་སྡེ་བའི(སྡེ་ཁུལ)"བཅུ་ལྡན"བཟོ་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་སྡེ་བའི(སྡེ་ཁུལ)ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་པ་དང་སྡེ་བ་རིམ་པའི་རྗེས་གྲབས་འཇོན་མིར་ཤུགས་སྣོན་པ། སྡེ་སྡོད་ལས་བྱེད་པའི་དཔུང་ཁག་གི་བདམས་མངག་དོ་དམ་ཇེ་ལེགས་བཏང་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། གསུམ་ནས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། "གསར་གཉིས"རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་དམ་འཛིན་ནན་མོ་བྱེད་པ། སློབ་གྲྭ་ཆུང་འབྲིང་གི་ཏང་འཛུགས་སྐྱོང་དམ་འཛིན་སྲ་བརྟན་བྱེད་པ། གཞུང་གཉེར་སྨན་ཁང་གི་ཏང་འཛུགས་སྐྱོང་ལ་དམ་འཛིན་ལེགས་པོ་བྱེད་པ། རྒྱལ་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ཞིབ་ཚགས་དམ་འཛིན་བཅས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་གཏོང་དགོས་ཟེར།


ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་། ལའེ་མིན། སི་ཅི་ཧྲིན། ཞུས་ཡུང་ཀུང་། ཚོ་ཅིས་ཆང་། ཁྲང་ལིན་ཚོགས་འདུར་ཞུགས། ཁུལ་ཨུའི་ཏང་གི་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཟུར་ཞུགས་བྱས།

གཡང་འབུམ་ཚེ་རིང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号