ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཚོགས་འདུ་འཚོགས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཟླ6པའི་ཚེས20ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ། ཞིང་ཆེན་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ཏེ"འཇིགས་བཀུར་ཤེས་པ་དང་འཇིགས་ཟོན་ལྡན་པ། མཐའ་ཚད་སྲུང་པར”དམིགས་ནས་ཆེད་དོན་བགྲོ་གླེང་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མིས་རང་ངོས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་ལྷག་པའི་གནད་དོན་གྱི་ཞན་ཆར་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། རང་རྟོགས་ངང<<ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག>>གི་གཏན་འབེབས་སོ་སོ་དང་བསྡུར་ནས་རང་ཉིད་དེའི་ནང་འཇོག་པ་དང་། འགན་འཁྲི་དེའི་ནང་འཇོག་པ། བྱ་བ་དེའི་ནང་འཇོག་པ། གནད་དོན་གྱི་ཕྱོགས་སུ་སྐྱོད་པ་དང་གནད་དོན་ལ་དམིགས་ནས་ཞིབ་འཇུག་བྱེད་པ། གནད་དོན་ལ་དམིགས་ནས་ཡོ་བསྲང་བྱེད་པ། སློབ་སྦྱོང་ཐད་ཤུགས་སྣོན་པ། གསོ་སྦྱོང་དང་འགྲེལ་བཤད་ཐད་འབྲས་བུ་དངོས་མཐོང་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་སྐྲུན་བྱེད་པའི་ཐད་གྲུབ་འབྲས་དངོས་ཐོན་པ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱེད་པའི་ཐད་ཕན་འབྲས་དངོས་བརྩོན་ལེན་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་སེམས་ནང་དུ་འཇགས་པ་དང་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། "འཇིགས་བཀུར་ཤེས་པ་དང་འཇིགས་ཟོན་ལྡན་པ། མཐའ་ཚད་སྲུང་པ”ནི་ཏང་ལ་འཇིགས་བཀུར་དང་མི་དམངས་ལ་འཇིགས་བཀུར། སྒྲིག་ཁྲིམས་ལ་འཇིགས་བཀུར་བཅས་བྱ་དགོས་པ་དེ་ཡིན། ཁུལ་རིམ་པའི་མགོ་ཁྲིད་ནི"འགག་རྩའི་ཉུང་ཤས"ཁྲོད་ཀྱི"འགག་རྩའི་ཉུང་ཤས"ཡིན་པས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཡིད་ལ་བརྟན་པོར་བཅིངས་ནས་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་སྟོན་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་པར་བྱས་ཏེ"འཇིགས་བཀུར་སེམས་ལ་འཇགས་པ་དང་སྒྲིག་ལམ་ནན་སྲུང་བྱེད་པ། མཐའ་ཚད་ལས་མི་བརྒལ་བ"བྱེད་དགོས་ཏེ། གཅིག་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་དགོས། རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་དང་འགན་འཁྲི་དང་པོ་ནི་ཏང་གི་ཆེད་དུ་བྱ་བ་སྒྲུབ་རྒྱུ་ཡིན་པ་ཡིད་ལ་བརྟན་པོར་བཅིངས་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་བློ་གཅིག་སེམས་གཅིག་གིས་ཆབ་སྲིད་ཀྱི་སྤྱི་ཡོངས་མདུན་དུ་ལྷག་བསམ་རྣམ་དག་དང་གདེང་ཚོད་ཡོད་པ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡོང་པར་བྱེད་པའི་ཐད་ཚད་གཞི་དང་རེའུ་མིག་ལ་བསྟུན་པ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་པའི་ཐད་རྗེས་སུ་དམ་པོར་འབྲང་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཐད་བློ་བརྟན་འགྱུར་མེད་ཡིན་པ། འཇིགས་བཀུར་བསམ་པ་དེ་ཧུར་ཐག་འབད་ཐག་དང་རང་འགན་ལ་བློ་དཀར་བ། བདེན་དོན་ལ་ཕྱིར་བཤོལ་མི་བྱེད་པ་བཅས་ཀྱི་བྱ་བའི་བརྩེ་སེམས་སུ་བསྒྱུར་བ་དང་། འཇིགས་བཀུར་བསམ་པ་དེ་འགན་འཁྲི་སྒྲུབ་པ་དང་དཔོན་གནས་བཟུང་ནས་སྲིད་དོན་སྒྲུབ་པའི་གཞི་རྩའི་མཐའ་ཚད་དུ་བརྩི་དགོས། གཉིས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་སེམས་ལ་བཟུང་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། ལག་ཏུ་ཡོད་པའི་དབང་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་འཇིགས་བཀུར་བྱེད་པ། ཞི་དུལ་གྱི་བསམ་པས"སྙན་གྲགས"ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཁེ་གྲགས་སྤོང་བའི་བསམ་པས"གོ་གནས"ལ་ལྟ་སྟངས་ཡང་དག་འཛིན་པ། ཆོག་ཤེས་ཀྱི་བསམ་པས"ཁེ་ཕན"ལ་ལྟ་སྟངས་ཡང་དག་འཛིན་པ། ཉེན་ཟོན་གྱི་བསམ་པས"དབང་ཆ"ལ་ལྟ་སྟངས་ཡང་དག་འཛིན་པ། སྲིད་དོན་གཙང་སྐྱོང་གི་བསམ་པས"འདོད་པར"ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་བརྟག རང་ཟོན། རང་སྐུལ་བཅས་བྱེད་དགོས། གསུམ་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་མཐའ་གཅིག་ཏུ་སྔོན་ལ་འཇོག་དགོས། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ནི་ཏང་ལ་དོ་དམ་དང་ཏང་སྐྱོང་པའི་ཚད་ཤིང་ལྟ་བུ་ཡིན་ལ། ཏང་ཡོན་གྱིས་བརྒལ་མི་རུང་བའི་མཐའ་ཚད་ཀྱང་ཡིན། རང་ཞིང་གི་མགོ་ཁྲིད་ལས་བྱེད་པ་དྲུག་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་དཔེ་སྟོན་འཛིན་པ་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་བྱེད་པ། བྱ་གཞག་གཙོ་བོར་འཛིན་པ། ཏང་གི་སྒྲིག་ཁྲིམས་དང་ཏང་གི་སྒྲིག་སྲོལ་ནི་ཏང་ལ་ལྟ་བའི"མེ་ལོང"དང་གཏམ་སྤྱོད་གཟབ་ནན་གྱི"ཚད་ཤིང"དུ་འཛིན་པ། སྒྲིག་བརྩི་ཁྲིམས་སྲུང་སེམས་ལ་བརྟན་པོར་ངེས་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་འཛིན་པ། གཙང་མ་གཙང་རྐྱང་གིས་བྱ་བ་སྒྲུབ་པ་དང་ཕྱི་གཙང་ནང་གཙང་གི་མི་ཞིག་བྱེད་དགོས་ཟེར།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号