ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཆིང་ཧྭ་སློབ་ཆེན་སློབ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧྲི་ཙུང་ཁའེ་དང་ཐུག་འཕྲད་གནང་པ།

ཟླ7པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའི་གསར་བརྗེའི་ཉམས་ཞིབ་འགྲེམས་ཁང་དུ་ཆིང་ཧྭ་སློབ་ཆེན་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པའམ། ཆིང་ཧྭ་སློབ་ཆེན་སློབ་དོན་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཆིང་ཧྭ་སློབ་གྲྭའི་སློབ་གྲོགས་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧྲི་ཙུང་ཁའེ་འཁོར་དང་བཅས་པར་ཐུག་འཕྲད་གནང་ནས་བཞུགས་མོལ་བརྗེ་རེས་གནང་།     

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཧྲི་ཙུང་ཁའེ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས། ཆིང་ཧྭ་སློབ་ཆེན་གྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་མདུན་ཕྱོགས་མཚོ་སྔོན་པོ་དང་རྒྱབ་ཕྱོགས་མདོ་ལ་རི་བོ་སྟེ། མཚོ་སྔོན་པོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ་སྐྱེ་ཁམས་གནས་བབ་གལ་ཆེན་དང་རང་བྱུང་མཛེས་ལྗོངས་དམིགས་བསལ་ཡིན་པ། རིག་གནས་ཕུན་སུམ་ཚོགས་པ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་དང་ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་ས་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་ཚད་ལ་གཞིགས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་པས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་མཛེས་སྡུག་ལྡན་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ངར་ཤུགས་ཆེ་རུ་ཕྱིན་པ། གསར་བརྗེའི་ཉམས་ཞིབ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། མིག་སྔར་མཚོ་བྱང་ནི"རྒྱལ་ཁབ་གཉིས་ཀྱི་སྤྱི་གླིང"འཛུགས་སྐྲུན་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དུས་རིམ་གལ་ཆེན་དུ་གནས་ཡོད་པས། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ཆིང་ཧྭ་སློབ་ཆེན་ནི་འཛམ་གླིང་གི་སློབ་གྲྭ་གྲགས་ཅན་རྩེ་གྲ་ཞིག་ཡིན་པའི་ཆ་ནས་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་དར་ཆ་ཞིག་ཡིན་པ་དང་ལྷག་པར་དུ"མདེལ་གཉིས་སྐར་གཅིག"གི་མཛད་རྗེས་འཇོག་མཁན23ཁྲོད་དུ་ཀའོ་ཡུང་ཧོའེ་དང་། ཀྲའོ་ཅིའུ་ཀྲང་། ཝང་ཀན་ཁྲང་སོགས་ཚན་རིག་པ14ཡིས་ཆིང་ཧྭ་སློབ་ཆེན་དུ་སློབ་སྦྱོང་དང་བྱ་བ་སྒྲུབ་ནས་རང་རྒྱལ་གྱི་ཉིང་རྡུལ་བྱ་གཞག་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ཡོད། ཉེ་བའི་ལོ་ཤས་རིང་། ཆིང་ཧྭ་སློབ་ཆེན་གྱིས་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། གསར་བརྗེའི་རིག་གནས་བརྗེ་རེས། གཞོན་ནུ་རྐང་འཛིན་པ་གསོ་སྦྱོང་སོགས་ཀྱི་ཐད་མཚོ་བྱང་ལའང་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་མཚོ་བྱང་དུ་ཆིང་ཧྭ་སློབ་ཆེན་གྱི་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིའི་སྒོ་བྱང་འགེལ་གྲབས་ཡོད། ཆིང་ཧྭ་སློབ་ཆེན་གྱིས་རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་དང་མཚོ་བྱང་གི་དོན་དངོས་དང་ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཇུས་ཐག་གཅོད་པའི་བློ་འདྲི་འདོན་སྤྲོད་དང"མདེལ་གཉིས་སྐར་གཅིག"གི་བསམ་པའི་ནང་དོན་དང་ཆིང་ཧྭ་པས221རྟེན་གཞིར་ཡོད་པའི་གཏམ་རྒྱུད་ཐུན་མོང་ཐོག་སྔོག་འདོན། ཕྱོགས་གཉིས་ཀའི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་། བསམ་བློ་ཆབ་སྲིད་སློབ་ཚན་ཞིབ་འཇུག་གསར་སྤེལ་བྱེད་པར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཆིང་ཧྭ་སློབ་ཆེན་གྱི་ལས་བྱེད་ལས་བཟོ་པ་དང་སློབ་མ་མཚོ་བྱང་དུ་གསར་བརྗེའི་ཉམས་ཞིབ་དང་སྤྱི་ཚོགས་ལག་ལེན་བྱེད་པར་བདམས་མངག་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་སོགས་ཀྱི་ཐད་ཞིབ་འཇུག་དང་འཕོ་འགྱུར་གཏིང་ཟབ་ཏུ་བཏང་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་པའི་རེ་བ་ཡོད་ཅིང་། དེ་དང་ཆབས་ཅིག ཆིང་ཧྭ་སློབ་ཆེན་གྱི་དགེ་སློབ་ལོ་ལྟར་ཚོགས་པ་སྒྲིག་འཛུགས་བྱས་ནས་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་དུ་ཡོང་པར་ལྷག་བསམ་ཟོལ་མེད་ངང་གདན་ཞུ་བྱས་པ་ཡིན་ཟེར།

ཧྲི་ཙུང་ཁའེ་ཡིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཆིང་ཧྭ་སློབ་ཆེན་གྱི་གཡོལ་ཐབས་མེད་པའི་འགན་འཁྲི་དང་ལས་འགན་ཞིག་རེད།  མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་ཡུལ་ཡིན་པས། སློབ་གྲྭས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མཚོ་བྱང་འཕེལ་རྒྱས་ཀྱི་ངེས་གནས་ལ་གཞི་ཚུགས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་།  སློབ་གྲྭ་དང་མཚོ་བྱང་གི་མཉམ་ལས་ཀྱི“ཟུང་འབྲེལ་གནས”དང“ཤུགས་འདོན་གནས”སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་། ཐོན་ལས་སྤུས་ཚད་དང་ཕན་འབྲས་ཇེ་ལེགས་སུ་གཏོང་བ། མི་རིགས་ལོ་རྒྱུས་རིག་གནས་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་མཉམ་ལས་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་མང་བ་ལེན་གང་ཐུབ་བྱ་རྒྱུ་ཡིན་པར་བཤད།

ཧྲི་ཙུང་ཁའེ་འཁོར་དང་བཅས་པས་ད་དུང་མཚོ་བྱང་གི་གཞི་རིམ་དུ་བྱ་བ་སྒྲུབ་པའི་ཆིང་ཧྭ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་སུའུ་ཧྭ་ཡེ་དང་ཞུས་ལུང་ཞིན་ལ་འཚམས་འདྲི་གནང་།     


ཆིང་ཧྭ་སློབ་ཆེན་ཁ་གཏད་རོགས་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཙུང་ཆིན་དང་། ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སངས་འབུམ་བཅས་ཞུགས།     

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号