ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་རྒྱལ་སྲུང་འཆད་སྟེགས་ཆེན་མོ་འཚོགས་པ།

ཟླ7པའི་ཚེས18ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་རྒྱལ་སྲུང་འཆད་སྟེགས་ཆེན་མོ་འཚོགས། ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུའམ་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱིས་ཧྲུའུ་ཆང་གིས“མཐོ་སྒང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་མདུན་སྐྱོད་བྱས་ཏེ་མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤྲོད་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས”ཞེས་པ་ཁ་བྱང་ཡིན་པའི་འཆད་ཁྲིད་གནང་། ཁུལ་ཨུའི་ཧྲུའུ་ཅིའམ་མཚོ་བྱང་ཡན་ལག་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

དབྱིས་ཧྲུའུ་ཆང་གིས"མཐོ་སྒང་གི་སྙིང་སྟོབས་གྲུབ་པའི་འཕེལ་རྒྱས་དང་ནང་དོན་གྱི་སྙིང་པོ། མཐོ་སྒང་གི་སྙིང་སྟོབས་ཀྱི་ལོ་རྒྱུས་དང་དུས་རབས་ཀྱི་རིན་ཐང་། དུས་རབས་གསར་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཁྲོད་མཐོ་སྒང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ"བཅས་ཕྱོགས་གསུམ་གྱི་ཐད་ནས་མཚོ་སྔོན་དུ་ལོ3རིང་གི་བྱ་བའི་ལག་ལེན་གྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ"མཐོ་སྒང་གི་སྙིང་སྟོབས"ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་དང་ཕུན་སུམ་ཚོགས་པའི་ནང་དོན། གཏིང་ཟབ་པའི་དོན་སྙིང་བཅས་རྒྱས་བཤད་བྱས་ཏེ། ཚང་མ་དང་མཉམ་དུ་མཐོ་སྒང་གི་དམག་མིས་མི་རབས་ནས་མི་རབས་བར་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་དང་འདྲ་བར་དཀའ་ངལ་ཁྱད་བསད་དང་རང་སྲོག་བློས་གཏོང་། ལེགས་སྐྱེས་དབུལ་ཕོད་པ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས"སེམས་པ་ཏང་ལ་ཕྱོགས་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། དཀའ་སྤྱད་འབད་འཐབ་བྱེད་པ། རང་སྲོག་བློས་གཏོང་དང་ལེགས་སྐྱེས་དབུལ་བ། མཐོ་སྒང་ལ་བྱས་རྗེས་འཇོག་པ"བཅས་ཀྱི"མཐོ་སྒང་གི་སྙིང་སྟོབས"ལག་བསྟར་བྱས་ཡོད་ཟེར། འཆད་ཁྲིད་ཁྲོད་དབྱིས་ཧྲུའུ་ཆང་གིས་ཕུན་སུམ་ཚོགས་པའི་དཔེ་མཚོན་དང་དོན་ཟབ་ལ་གོ་བདེ་བའི་གནས་ལུགས་དྲངས་ནས"མཐོ་སྒང་གི་སྙིང་སྟོབས"ནི་མཚོ་སྔོན་ས་མཐོར་འགོག་སྲུང་བྱེད་མཁན་གྱི་དམག་མི་ཀུན་གྱིས་ཤེས་པའི་སྙིང་སྟོབས་དང་བརྩེ་སེམས་ཤིག་ཡིན་པ་དང་དཔུང་སྡེའི་དཔོན་དམག་གིས་དཀའ་སྤྱད་འབད་འཐབ་དང་རང་སྲོག་བློས་གཏོང་། ལེགས་སྐྱེས་ཕུལ་བའི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན་ལ་ཞིང་ཆེན་དམག་ཁུལ་ལ་དམིགས་བསལ་དུ་ཡོད་པའི་བསམ་པའི་རྒྱུ་ནོར་ཞིག་ཀྱང་ཡིན་པས་ས་ཁོངས་ཀྱི་ཁྱད་ཆོས་དང་མཐོ་སྒང་གི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད་ལ་ལོ་རྒྱུས་ཀྱི་གསོག་འཇོག་ཟབ་མོ་དང་རིག་གནས་རྒྱུན་འཛིན་གྱི་དགེ་མཚན་ཡང་ལྡན་ཡོད། མཚོ་བྱང་ནི་བསམ་པའི་གཏེར་ཁ་ཕུན་སུམ་ཚོགས་པ་དང་སྙིང་སྟོབས་ཀྱི་བཙན་ས་ཞིག་ཡིན་པས་དུས་རབས་གསར་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བའི་ཐོག་དུས་བསྟུན་འཕེལ་རྒྱས་ཀྱིས"མཐོ་སྒང་གི་སྙིང་སྟོབས"དར་སྤེལ་གཏོང་རྒྱུ་དེ་དམག་དཔུང་དང་ས་གནས་ཀྱི་འབད་འཐབ་སྟོབས་ཤུགས་སྔར་ལས་ལེགས་པའི་སྒོ་ནས་གཅིག་ཏུ་སྒྲིལ་བ་དང་དུས་རབས་གསར་བའི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བར་ཤུགས་བསྣན་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཆེད་དོན་འཆད་ཁྲིད་ཀྱི་བསམ་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང"མཐོ་སྒང་གི་སྙིང་སྟོབས"རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བྱེད་པ། གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་མི་སྣ་གསོ་སྐྱོང་བྱས་ཏེ་མཚོ་བྱང་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་ཀྱི་སློབ་གསོའི་གཡུལ་ས་གཙོ་བོར་ཧུར་ཐག་བསྐྲུན་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བ་དེ་རིག་གནས་ཐོན་ལས་དང་གསར་བརྗེའི་ཉམས་ཞིབ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི་ཡག་པོར་བསྐྲུན་ནས་གསོ་སྦྱོང་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཀྲུང་གོའི་རྡུལ་ཕྲན་མཁར”གྱི་གསར་བརྗེའི་སློབ་གསོ་དང་ཉམས་ཞིབ་སློབ་སྦྱོང་གི་མཚོ་བྱང་མཚོན་རྟགས་ལ་དམིགས་ཏེ་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་དྲིལ་སྒྲོག་དང་། སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་བྱང་གི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པར་ཤུགས་སྣོན་དགོས་ཟེར།

ཆེད་དོན་འཆད་ཁྲིད་ལ་ཉན་རྗེས། ཚང་མས་ཆེད་དོན་ཟུར་ཁྲིད་ཀྱི་བརྗོད་དོན་མངོན་གསལ་དོད་པ་དང་གོ་རིམ་གསལ་བ། ཡིད་དབང་འགུག་པ། གསོན་ཉམས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཞིག་དང་བླ་སྲོག་ལ་ཐུག་པའི་བསམ་བློའི་ཉམས་སད་ཀྱི་སློབ་ཚན་ཞིག་ཡིན་པས་ཚད་མཐོའི་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཡོད་ལ་དོན་དངོས་དང་དམ་པོར་འགྲེལ་བཤད་གཏིང་ཟབ་ཀྱང་བྱས་ཡོད་པས་བསམ་བློའི་རང་བཞིན་དང་རིགས་པའི་གཞུང་ལུགས་རང་བཞིན། མཛུབ་སྟོན་རང་བཞིན། ལག་ལེན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པའི་ངོས་འཛིན་གཅིག་མཐུན་བྱུང་།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་ཁའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པའི་འཐུས་མི།  མདའ་བཞི་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་བཅས་ཀྱིས་འཆད་ཁྲིད་ལ་ཉན།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号