ཤ་བོ་སྐྱབས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དུ་བསྐྱོད་དེ་བྱ་བར་སྦྲེལ་མཐུད་བྱས་པ།

ཟླ7པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དུ་བསྐྱོད་དེ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཏང་ཙུའི་ཧྲུའུ་ཅིའམ་ཐིན་ཀྲང་དབྱང་དབྱང་དང་བྱ་བར་བརྗེ་རེས་གཏིང་ཟབ་གཏོང་བ་དང་། ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བཞུགས་མོལ་བརྗེ་རེས་གནང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཧྥིན་ལིན་དང་འབྲེལ་ཡོད་ལས་སྒོའི་ཁྲུའུ་དང་ཁང་གི་འགན་འཁུར་མི་སྣ་ཞུགས།

ཤ་བོ་སྐྱབས་ཀྱིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་དུས་ཡུན་རིང་བོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཞིང་ཆེན་ཏང་ཨུས་མཚོ་བྱང་ལ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བྱ་བའི་དམིགས་ཚད་ཁ་གསལ་བཟོས་པ་དང་། མིག་སྔར་མཚོ་བྱང་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད་པས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཐད་ད་དུང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་མཛུབ་ཁྲིད་དང་རོགས་རམ་བྱེད་དགོས་ལ། གཏེར་རི་བཅོས་སྐྱོང་དང་གཏེར་ལས་དབང་ཆ་ཕྱིར་འཐེན། ས་གཤིས་གནོད་འཚེ་འགོག་བཅོས། ས་ཆ་སྤྱོད་པར་ཞིབ་མཆན་འགོད་པ། རང་བྱུང་ཐོན་ཁུངས་ལ་ལྟ་ཞིབ་བྱེད་པའི་གནད་དོན་ཐོ་གསུབ་བྱེད་པ། ཆུ་མཛོད་ཀྱི་གནས་སྤོས་ཡུལ་མི་བཀོད་སྒྲིག གཏན་འཇགས་རྒྱུ་ནོར་ཐོ་འགོད་སོགས་ཞིབ་ཕྲའི་བྱ་བའི་ཐད་སྲིད་ཇུས་དང་མ་དངུལ། ལས་གཞི། ཤེས་ལྡན་མི་སྣ། ལག་རྩལ་བཅས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས། མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རང་བྱུང་ཐོན་ཁུངས་ཐིན་གྱི་ཆེད་ལས་མཛུབ་ཁྲིད་འོག་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་ནས། རྒྱལ་ཁོངས་བར་སྟོང་འཆར་འགོད་ལ་ལྟ་སྐུལ་དོ་དམ་ལག་བསྟར་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་བཀོད་སྒྲིག རྨོ་ཞིང་སྲུང་སྐྱོབ། སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་འགན་གཙོ་བོ་ཏན་ཏིག་གིས་ལེགས་པར་བསྒྲུབ་དགོས་པ་དང་། རྫོང་རིམ་པའི་སྲིད་གཞུང་དང་རང་བྱུང་ཐོན་ཁུངས་གཙོ་སྐྱོང་སྡེ་ཁག་གིས་ཁོངས་གཏོགས་ས་ཆ་དང་ལས་རིགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བར་སྐུལ་འདེད་གཏོང་བ་དང་། རང་འགུལ་གྱིས་འགན་འཁུར་བ་དང་ཧུར་བརྩོན་གྱིས་བྱས་རྗེས་འཇོག་པ། ནུས་ཤུགས་ཡོད་རྒུས་ས་ཆའི་བདག་ཁོངས་རྩོད་གཞིའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

དབྱང་དབྱང་གིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་པོའི་ནང་རྒྱལ་ཁོངས་ཐོན་ཁུངས་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རང་ཁུལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་དོན་ཚན་ལ་རེ་རེ་བཞིན་ལན་བཏབ། ཁོས་མཚོ་བྱང་ཁུལ་གྱི་ཐོན་ཁུངས་ཀྱི་རང་སྤུས་ཁྱད་དུ་འཕགས་པ་དང་གསར་སྤེལ་བེད་སྤྱོད་འོས་འཚམ་བྱུང་ནས་རྒྱལ་ཁོངས་བྱ་བ་བརྟན་པོའི་ངང་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མའོངས་པའི་བྱ་བའི་ཁྲོད་སྔར་ལས་ལྷག་པའི་སྒོ་ནས་མཚོ་བྱང་ཁུལ་དང་འབྲེལ་གཏུག་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོ་རུ་དངོས་སྒྲུབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་པོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བཅོས་སྒྲིག་དང་ས་འོག་ཚ་ནུས་ཆུ་ཚན་ཐོན་ཁུངས་གསར་སྤེལ་སོགས་གཙོ་གནད་ཁྱབ་ཁོངས་སུ་ལག་རྩལ་དང་ལས་གཞི་སོགས་ཀྱི་བྱ་བའི་རྒྱབ་སྐྱོར་མཁོ་འདོན་བྱས་ཏེ། ལས་བྱེད་པའི་རྒྱུན་རྣམ་ཅན་གྱི་བརྗེ་རེས་བྱ་བའི་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་པ། མཚོ་བྱང་གི་འབྲེལ་ཡོད་འགན་ནུས་སྡེ་ཁག་ལ་ཕྱོགས་བསྡུས་སྲིད་ཇུས་ཀྱི་ཆུ་ཚད་དང་ཆེད་ལས་ལས་སྒོའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རོགས་བྱེད་པ་དང་། ཞིང་ཆེན་ཐིན་གྱི་ལས་བྱེད་ལས་བཟོ་པ་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་རྟེན་གཞིར་ཡོང་ནས་ཏང་གཤིས་སློབ་གསོ་དང་ལས་བྱེད་པ་གསོ་སྐྱོང་སྦྱོང་བརྡར་གྱི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བཅས་བྱས་ཏེ་མཚོ་བྱང་གི་རང་བྱུང་ཐོན་ཁུངས་བྱ་གཞག་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་རྒྱལ་ཁོངས་ཐོན་ཁུངས་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号