ཟླ9ཚེས25ཉིན་གསར་འགོད་པས་མཚོ་བྱང་ཁུལ་དུ་འཚོགས་པའི་ཧྲན་ཏུང་ཞིང་ཆེན་བྱ་གཞག་ཚན་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གནས་ཀྱི་གདན་ཞུའི་ལས་དོན་མི་སྣའི་ཕེབས་སྐྱེལ་ཞུ་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན།    2024ལོར་ཧྲན་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པའི་མཚོ་སྔོན་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་ལས་གནས་ཀྱི་མཚོ་བྱང་ཁུལ་གྱི་སློབ་ཆེན་མཐར་ཕྱིན་སློབ་མར་ཕྱོགས་པའི་ཡོང་བསྒྲགས་གདན་ཞུའི་ཡིག་རྒྱུགས་ཁྲོད། མཚོ་བྱང་ནས་ཡིན་པའི་སློབ་ཆེན་མཐར་ཕྱིན་སློབ་མ7ཧྲན་ཏུང་ཞིང་ཆེན་བྱ་གཞག་ཚན་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གནས་སུ་བདེ་བླག་ངང་ལས་སྡུད་བྱས།     དེ་ནི་ཆེད་དོན་གདན་ཞུ་བྱས་པ་བརྒྱུད། ཧྲན་ཏུང་དུ་ལས་ཀ་བྱེད་པར་བསྐྱོད་པའི་མཚོ་བྱང་གི་སློབ་ཆེན་མཐར་ཕྱིན་སློབ་མ་ཁག་དང་པོ་དེ་ཡིན་པ་རེད།    

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ།    ཧྲན་ཏུང་མཚོ་སྐྱོར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་རུང་ཧུང་ཀྲི་ཚོགས་འདུར་ཞུགས་པ་ནས་གསུང་བཤད་གནང་བ་དང་།   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཤིན་ཧུའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་ཚོགས་འདུར་ཞུགས། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ཧྲན་ཏུང་ཞིང་ཆེན་གྱི་བྱ་གཞག་ཚན་པར་ལས་ཞུགས་བྱེད་པར་སྐྱོད་མཁན་གྱི་མཚོ་བྱང་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་དེ་བཞིན་ཁོང་ཚོའི་གཉེན་ཉེ་ཚོགས་འདུར་ཞུགས། 

ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱིས་རོགས་སྐྱོར་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་རོགས་སྐྱོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ། མཚོ་བྱང་གི་དོན་དངོས་ལ་གཞིགས་ནས་འགྲོ་འོང་རྒྱ་ཆེར་གཏོང་བ་དང་།    སྤེལ་རེས་ལ་སྐུལ་འདེད་གཏོང་བ།    མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་གཙོ་གནད་དུ་བྱས་ཏེ། མཚོ་བྱང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཁ་གཏད་རོགས་སྐྲུན་ལས་དོན་ཏན་ཏིག་སྤེལ་བ་དང་།    མཚོ་བྱང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་གཞག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་།     ལྷག་པར་དུ་། ལས་ཞུགས་ཀྱི་གནོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་འགྲོ་བའི་གནས་ཚུལ་འོག 2024ལོ་ནས་བཟུང་། ལོ་ལྟར་བྱ་གཞག་ཚན་པའི་ལས་གནས་10ཡི་ཐོག་མཚོ་བྱང་གི་སློབ་ཆེན་མཐར་ཕྱིན་སློབ་མ་ཆེད་དོན་གདན་ཞུ་བྱ་རྒྱུ་ཡིན་ཞིང་།    བྱེད་ཐབས་དེ་ནི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་དང་།    མཚོ་སྔོན་གྱི་བོད་འབྲེལ་ས་ཁུལ་ཡུན་རིང་བདེ་འགོད།    ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་།     ཧྲན་ཏུང་ཞིང་ཆེན་གྱིས“མཚོ་བྱང་གི་དགོས་མཁོ་དང་ཧྲན་ཏུང་གིས་ནུས་ཤུགས་ཅི་ཡོད་ཀྱིས་རོགས་སྐྱོར”ཅེས་པའི་ཁས་ལེན་ནན་པོ་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་དང་།    ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་པོས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་ནས་ཕན་ཚུན་འགྲོ་འོང་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་མཛའ་གྲོགས་ཀྱི་མཚོན་ཚུལ་ཞིག་ཀྱང་རེད།   

གསར་དུ་གདན་ཞུ་བྱས་པའི་མི་སྣའི་འཐུས་མིས་ཕེབས་སྐྱེལ་ཞུ་བའི་ཚོགས་འདུའི་ཐོག་ཧྲན་ཏུང་ཞིང་ཆེན་བྱ་གཞག་ཚན་པའི་མཚོ་སྐྱོར་ལས་གནས་ཀྱིས་སྤྲད་པའི་ལས་ཀའི་གོ་སྐབས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ།    སླད་ཕྱིན་གྱི་ལས་ཀའི་ཁྲོད་ཐོབ་པར་དཀའ་བའི་གོ་སྐབས་སྔར་བས་དམ་འཛིན་དང་། དེ་བས་དཔའ་ངར་ཆེར་སྐྱེད་དང་འབད་འབུངས་ཀྱི་རྣམ་འགྱུར་ཐོག་ནས་ལས་ཁུངས་ཀྱི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནུས་པ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ནུས་པ་གང་ཡོད་འདོན་པ་དང་ཧྲན་ཏུང་གི་ལོ་རྒྱུས་དང་རིག་གནས་ཀྱི་ཤུགས་རྐྱེན་འོག ཕུལ་དུ་བྱུང་བའི་ཧྲན་ཏུང་པ་གསར་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞེས་བཤད་པ་རེད།  

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号