མདའ་བཞི་རྫོང་གི2024ལོའི་ནོར་ལུག་བཤས་བཙོང་ལ་བྱ་དགའ་སྤྲོད་ཐབས།

ལེའུ་དང་པོ།   སྤྱིའི་རྩ་དོན།

དོན་ཚན་དང་པོ། རྫོང་ཡོངས་ཀྱི་ནོར་ལུག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་སྔར་བས་བསྐྱེད་པ་དང་། ནོར་ལུག་གི་ཐོན་སྐྱེད་དང་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་དང་བྲིན་ཚོང་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་ཁྲིད་སྟོན་བྱས་ནས་ཐོན་རྫས་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ། ཁྲོམ་རའི་མཁོ་སྤྲོད་དང་མང་ཚོགས་ཀྱི་ཡོང་འཕར་ལ་འགན་ལེན་བྱས་ཏེ། མདའ་བཞི་རྫོང་གི་བོད་ལུག་དང་ནོར་གནག་ཐོན་ལས་ཇེ་དར་དུ་བཏང་ནས་ཐོན་ལས་ཀྱི་སྦྲེལ་ཐག་སྣུར་སྲིང་བྱས་ཏེ། ཕྱུགས་ལས་ཐོན་སྐྱེད་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོ་གཏོང་བ་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བ། གྲོང་གསེབ་དར་སྤེལ་དང་ཕྱུགས་ལས་སྐྱོན་བྲལ་ངང་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་འདི་དམིགས་སུ་བཟུང་ནས་གཏན་འབེབས་བྱས་པ་རེད།

དོན་ཚན་གཉིས་པ། བྱེད་ཐབས་འདི་མདའ་བཞི་རྫོང་མངའ་ཁོངས་སུ་ཐོན་སྐྱེད་དང་ཉོ་འཚོང་བྱེད་པའི་ནོར་ལུག་བཤས་བཙོང་ལ་བྱ་དགའ་སྤྲོད་པའི་བྱ་བར་སྤྱད་ཆོག

དོན་ཚན་གསུམ་པ། བྱེད་ཐབས་འདིའི་ནང་བརྗོད་པའི་ནོར་ལུག་བཤས་བཙོང་ལ་སྐུལ་འདེད་གཏོང་བའི་བྱ་དགའི་མ་དངུལ(གཤམ་དུ་བྱ་དགའི་མ་དངུལ་ཞེས་བསྡུ་རྒྱུ)ནི་ནོར་ལུག་བཤས་བཙོང་མཁན་ཆེ་གྲས(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད)དང་། རོང་འབྲོག་པའི་ཁྱིམ་ཚང་། ནོར་ལུག་ཚོང་འདྲེན་བར་ཁེ་ལ་སྤྲོད་པའི་བྱ་དགའི་མ་དངུལ་ལ་ཟེར། 

དོན་ཚན་བཞི་པ། བཤས་བཙོང་ཅི་ཙམ་བྱས་ན་བྱ་དགའ་དེ་ཙམ་གྱིས་མང་བ་དང་། འགན་འཁྲི་དབང་ཆ་འདྲ་མཚུངས་ཡིན་པ། ཕན་འབྲས་གཙོ་བོ་འཛིན་པའི”རྩ་དོན་རྒྱུན་འཁྱོངས་བྱེད་པ། 

ལེའུ་གཉིས་པ། ཡིག་ཐོག་རེ་ཞུའི་ཆ་རྐྱེན་དང་བརྒྱུད་རིམ། བྱ་དགའི་ཚད་གཞི་བཅས་ཀྱི་སྐོར།

དོན་ཚན་ལྔ་པ། བྱ་དགའ་སྤྲོད་ཡུལ་གཙོ་བོ་རྫོང་ཡོངས་ཀྱི་ནོར་ལུག་བཤས་བཙོང་བྱ་བའི་ཁྲོད་ཧུར་བརྩོན་རང་བཞིན་ཆེ་བ་དང་སྐུལ་འདེད་གཏོང་ཤུགས་ཆེ་བའི་རང་ས་གནས་ཀྱི་ནོར་ལུག་བཤས་བཙོང་མཁན་ཆེ་གྲས(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད)དང་། རོང་འབྲོག་པ། ནོར་ལུག་ཚོང་འདྲེན་བར་ཁེ། གསོན་ཕྱུགས་ཉོ་ཚོང་སྐྱེལ་འདྲེན་རླངས་འཁོར་བཅས་ལ་བཤས་བཙོང་ཐད་བྱ་དགའ་སྤྲོད་རྒྱུ། 

དོན་ཚན་དྲུག་པ། ཡིག་ཐོག་རེ་ཞུའི་ཆ་རྐྱེན།

གཅིག བཤས་བཙོང་མཁན་ཆེ་གྲས་ལ་བྱ་དགའ(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད)སྤྲོད་པ། ཐེངས་གཅིག་ལ་ནོར50(དེའི་ནང་ཚུད)ཡན་ནམ་ཡང་ན་ལུག200(དེའི་ནང་ཚུད)ཡན་བཤས་བཙོང་བྱས་པའི་བཤས་བཙོང་མཁན་ཆེ་གྲས་ལ་བྱ་དགའ་སྤྲོད་རྒྱུ་རེད། རྫོང་ཡོངས་སུ་ཁྱོན་བསྡོམས་སྐལ50ཡོད་ལ། དེའི་ནང་ཝ་མགྱོགས་ཡུལ་ཚོར་བགོས་སྐལ18ཡོད་པ་དང་། མཚོ་སྔོན་པོ་ཡུལ་ཚོར་བགོས་སྐལ12། མཁར་ཟུར་གསུམ་གྲོང་རྡལ་ལ་བགོས་སྐལ6། གསེར་ཐང་ཡུལ་ཚོར་བགོས་སྐལ7། དཔལ་སྦྱིན་ཡུལ་ཚོར་བགོས་སྐལ7བཅས་ཡོད། 

སྡེ་བའི་ཨུ་ལྷན་སོ་སོས་ཐོག་མའི་ཞིབ་བཤེར་བྱེད་པ་དང་ཡུལ་ཚོ(གྲོང་རྡལ)སོ་སོའི་མི་དམངས་སྲིད་གཞུང་གིས་བསྐྱར་ཞིབ་དཔྱད་བསྡུར་གཏན་འབེབས("ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང"ཐོན་ཡུལ་གྱི་རིམས་ནད་ཞིབ་བཤེར་གྱི་གཞི་གྲངས་གཞིར་འཛིན་པ་དང་རིམས་ནད་ཞིབ་བཤེར་དཔང་ཡིག་གི་སྤྱོད་སྒོ་ནི"བཤའ་བ"ཡིན་དང"རིམས་ནད་ཞིབ་བཤེར་དཔང་ཡིག་སྤྲོད་པའི་རྣམ་པ་ནི"ཚུར་བསྡུས་ཟིན་པའམ"ཡང་ན"འབྱོར་ཟིན་པ"ཡིན་དགོས། བཙོང་ཡུལ་ཞིང་ཆེན་ཕྱི་ཡིན་ལ་ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱེད་པའི་འགྲོ་ལུགས་སྒྲུབ་མེད་པའི་རིགས་ཀྱིས་ས་གནས་དེ་གའི་སྲོག་ཆགས་རིམས་ནད་ཞིབ་བཤེར་ས་ཚིགས་སམ་ཡང་ན་བཤས་གཏོང་ཁེ་ལས་ཀྱི"བཤས་གཏོང་ལག་ཁྱེར"ལ་བརྟེན་ནས་ཡིག་ཐོག་རེ་ཞུ་ཕུལ་ཆོག) བྱེད་པ།

གཉིས། རོང་འབྲོག་པའི་ཁྱིམ་ཚང་ལ་བྱ་དགའ་སྤྲོད་པ། སྡེ་བའི་ཨུ་ལྷན་གྱིས་ཐོག་མའི་ཞིབ་བཤེར་བྱེད་པ་དང་། ཡུལ་ཚོ་དང(གྲོང་རྡལ)སོ་སོའི་མི་དམངས་སྲིད་གཞུང་གིས་བསྐྱར་ཞིབ་བྱས་པའི་བྱ་དགའི་དུས་ཚོད་ནང་། དངོས་གནས་བཤས་བཙོང་བྱས་པའི་རོང་འབྲོག་ཁྱིམ་ཚང་ཡིན་དགོས། ("ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང"ཐོན་ཡུལ་གྱི་རིམས་ནད་ཞིབ་བཤེར་གྱི་གཞི་གྲངས་གཞིར་བཟུང་། རིམས་ནད་ཞིབ་བཤེར་དཔང་ཡིག་འདོན་པའི་སྤྱོད་སྒོ་ནི"བཤས་བཙོང"དང"རིམས་ནད་ཞིབ་བཤེར་དཔང་ཡིག་འདོན་པའི་རྣམ་པ་ནི"ཚུར་བསྡུས་ཟིན་པའམ"ཡང་ན"འབྱོར་ཟིན་པ"ཡིན་དགོས། བཙོང་ཡུལ་ཞིང་ཆེན་ཕྱི་ཡིན་ལ་ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱེད་པའི་འགྲོ་ལུགས་སྒྲུབ་མེད་པའི་རིགས་ཀྱིས་ས་གནས་དེ་གའི་སྲོག་ཆགས་རིམས་ནད་ཞིབ་བཤེར་ས་ཚིགས་སམ་ཡང་ན་བཤས་གཏོང་ཁེ་ལས་ཀྱི"བཤས་གཏོང་ལག་ཁྱེར"ལ་བརྟེན་ནས་ཡིག་ཐོག་རེ་ཞུ་ཕུལ་ཆོག)

གསུམ། ནོར་ལུག་ཚོང་འདྲེན་བར་ཁེ་པར་བྱ་དགའ་སྤྲོད་རྒྱུ། མདའ་བཞི་རྫོང་གི་རང་ས་གནས་ཀྱི་ནོར་གནག500(དེའི་ནང་ཚུད)ཡན་ནམ་ཡང་ན་ལུག2000(དེའི་ནང་ཚུད)ཡན་གྱི་ནོར་ལུག་ཚོང་འདྲེན་བར་ཁེ་པར་བྱ་དགའ་སྤྲོད་ཆོག་ལ། བྱ་དགའི་དུས་ཡུན་ནང་ཕྱུགས་རིགས་གཅིག་མཚུངས་ཀྱི་ཟླ་བ་གཅིག་རིང་གི་གྲངས་འབོར་ཡིན་པ་ལས་ཉིན་བརྒལ་ཚེ་རིམ་རྩིས་མི་རྒྱག སྡེ་བའི་ཨུ་ལྷན་སོ་སོས་ཐོག་མའི་ཞིབ་བཤེར་བྱེད་པ་དང་། ཡུལ་ཚོ་དང(གྲོང་རྡལ)སོ་སོའི་མི་དམངས་སྲིད་གཞུང་གིས་བསྐྱར་ཞིབ་དཔྱད་བསྡུར་གཏན་འབེབས("ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང"ཐོན་ཡུལ་གྱི་རིམས་ནད་ཞིབ་བཤེར་གྱི་གཞི་གྲངས་གཞིར་བཟུང་། རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་འདོན་པའི་སྤྱོད་སྒོ་ནི"བཤས་བཙོང"དང་། རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་འདོན་པའི་རྣམ་པ་ནི""ཚུར་བསྡུས་ཟིན་པའམ"ཡང་ན"འབྱོར་ཟིན་པ"ཡིན་དགོས། བཙོང་ཡུལ་ཞིང་ཆེན་ཕྱི་ཡིན་ལ་ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱེད་པའི་འགྲོ་ལུགས་སྒྲུབ་མེད་པའི་རིགས་ཀྱིས་ས་གནས་དེ་གའི་སྲོག་ཆགས་རིམས་ནད་ཞིབ་བཤེར་ས་ཚིགས་སམ་ཡང་ན་བཤས་གཏོང་ཁེ་ལས་ཀྱི"བཤས་གཏོང་ལག་ཁྱེར"ལ་བརྟེན་ནས་ཡིག་ཐོག་རེ་ཞུ་ཕུལ་ཆོག)

བཞི། གསོན་ཕྱུགས་ཉོ་ཚོང་བྱེད་པའི་ལས་སྟེགས་བསྐྲུན་ནས་སྐྱེལ་འདྲེན་རླངས་འཁོར་ལ་བྱ་དགའ་སྤྲོད་པ། གསོན་ཕྱུགས་ཉོ་ཚོང་ཁྲོམ་རར་ནོར་ལུག་བཤས་བཙོང་བྱས་ནས་ཞིང་ཆེན་གཞན་དུ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་ལ་སྐྱེལ་འདྲེན་བྱ་དགའི་ཁ་གསབ་སྤྲོད་རྒྱུ་དེ་གསོན་ཕྱུགས་ཉོ་ཚོང་ཁྲོམ་རའི་འགན་འཁུར་བས་ཐོག་མའི་ཞིབ་བཤེར་བྱེད་པ་དང་། རྫོང་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་བསྐྱར་ཞིབ་དཔྱད་བསྡུར་གཏན་འབེབས་བྱེད་པ། (གྲངས་འབོར་ནི"ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང"ཐོན་ཡུལ་གྱི་རིམས་ནད་ཞིབ་བཤེར་གྱི་གཞི་གྲངས་གཞིར་བཟུང་རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་འདོན་པའི་སྤྱོད་སྒོ་ནི"བཤས་བཙོང"དང་། རིམས་ནད་ཞིབ་བཤེར་གྱི་དཔང་ཡིག་འདོན་པའི་རྣམ་པ་ནི"ཚུར་བསྡུས་ཟིན་པའམ"ཡང་ན"འབྱོར་ཟིན་པ"ཡིན་དགོས། བཙོང་ཡུལ་ཞིང་ཆེན་ཕྱི་ཡིན་ལ་ཕྱུགས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱེད་པའི་འགྲོ་ལུགས་སྒྲུབ་མེད་པའི་རིགས་ཀྱིས་ས་གནས་དེ་གའི་སྲོག་ཆགས་རིམས་ནད་ཞིབ་བཤེར་ས་ཚིགས་སམ་ཡང་ན་བཤས་གཏོང་ཁེ་ལས་ཀྱི"བཤས་གཏོང་ལག་ཁྱེར"ལ་བརྟེན་ནས་ཡིག་ཐོག་རེ་ཞུ་ཕུལ་ཆོག)

དོན་ཚན་བདུན་པ། རེ་ཞུའི་གོ་རིམ།     

གཅིག བཤས་བཙོང་མཁན་ཆེ་གྲས་ལ་བྱ་དགའ(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད་ཡོད)སྤྲོད་པ།  རེ་ཞུའི་ཆ་རྐྱེན་འཛོམས་པའི་བཤས་བཙོང་མཁན་ཆེ་གྲས་ཀྱིས་རང་མོས་ངང“མདའ་བཞི་རྫོང་གི་ནོར་ལུག་བཤས་བཙོང་ལ་སྐུལ་འདེད་གཏོང་བའི(བཤས་བཙོང་མཁན་ཆེ་གྲས)བྱ་དགའི་རེ་ཞུའི་རེའུ་མིག”འབྲི་དགོས→སྡེ་བའི་ཨུ་ལྷན་གྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ནོར་ལུག་བཤས་བཙོང་མཁན་ཆེ་གྲས་ཀྱི་རེ་ཞུའི་ཞིབ་བཤེར་རྒྱུ་ཆ་བསྡུ་རུབ་དང་ལེགས་སྒྲིག་བྱ་དགོས།    བྱ་དགའ་སྤྲོད་པའི་དུས་ཡུན་ནང་བཤས་བཙོང་གི་དུས་ཚོད་སྔ་ཕྱི་ལྟར་རིམ་པ་བསྒྲིགས་ནས་ནོར་ལུག་བཤས་བཙོང་མཁན་ཆེ་གྲས་ཀྱི་བྱ་དགའི་རེའུ་མིག་དང་བསྡོམས་རྩིས་རེའུ་མིག་འབྲི་དགོས་པ་དང་།  ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལ་སྤྲོད་དགོས།→རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་བྱས་རྗེས་བྱ་དགའི་མ་དངུལ་སྤྲོད་ཆོག    

གཉིས། རོང་འབྲོག་པའི་ཁྱིམ་ཚང་གི་བྱ་དགའ།     རོང་འབྲོག་ཁྱིམ་ཚང་གིས་རང་མོས་ངང“མདའ་བཞི་རྫོང་གི་ནོར་ལུག་བཤས་བཙོང་ལ་སྐུལ་འདེད་གཏོང་བའི(རོང་འབྲོག་པའི་ཁྱིམ་ཚང)བྱ་དགའི་རེ་ཞུའི་རེའུ་མིག”འབྲི་དགོས→སྡེ་བའི་ཨུ་ལྷན་གྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ནོར་ལུག་བཤས་བཙོང་བྱེད་པའི་རོང་འབྲོག་པའི་ཁྱིམ་ཚང་གི་རེ་ཞུའི་ཞིབ་བཤེར་རྒྱུ་ཆ་བསྡུ་རུབ་དང་ལེགས་སྒྲིག་བྱ་དགོས། བྱ་དགའ་སྤྲོད་པའི་དུས་ཡུན་ནང་ཆེས་མཇུག་མཐའི་བཤས་བཙོང་དུས་ཚོད་ལྟར་རིམ་པ་བསྒྲིགས་ནས་ནོར་ལུག་བཤས་བཙོང་བྱེད་པའི་རོང་འབྲོག་པའི་ཁྱིམ་ཚང་གི་བྱ་དགའི་རེའུ་མིག་དང་བསྡོམས་རྩིས་རེའུ་མིག་འབྲི་དགོས་པ་དང་།  དུས་ཐེངས་རེ་རེར་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལ་སྤྲོད་པ→རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་བྱས་རྗེས་བྱ་དགའི་མ་དངུལ་སྤྲོད་ཆོག  

གསུམ། ནོར་ལུག་ཚོང་འདྲེན་བར་ཁེ་པའི་རེ་ཞུའི་བྱ་དགའ།   རེ་ཞུའི་ཆ་རྐྱེན་འཛོམས་པའི་ནོར་ལུག་ཚོང་འདྲེན་ཚབ་གཉེར་པས་རང་མོས་ངང“མདའ་བཞི་རྫོང་གི་ནོར་ལུག་བཤས་བཙོང་ལ་སྐུལ་འདེད་གཏོང་བའི(ཚབ་གཉེར་པ)བྱ་དགའི་རེ་ཞུའི་རེའུ་མིག”འབྲི་དགོས→སྡེ་བའི་ཨུ་ལྷན་གྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ཞིབ་བཤེར་བྱེད་པ→ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་ནོར་ལུག་ཚོང་འདྲེན་བར་ཁེ་པའི་རེ་ཞུའི་ཞིབ་བཤེར་རྒྱུ་ཆ་བསྡུ་རུབ་དང་ལེགས་སྒྲིག་བྱ་དགོས། བྱ་དགའ་སྤྲོད་པའི་དུས་ཡུན་ནང་ཆེས་མཇུག་མཐའི་བཤས་བཙོང་དུས་ཚོད་ལྟར་རིམ་པ་བསྒྲིགས་ནས་ནོར་ལུག་ཚོང་འདྲེན་བར་ཁེ་པའི་བྱ་དགའི་རེའུ་མིག་དང་བསྡོམས་རྩིས་རེའུ་མིག་འབྲི་དགོས་པ་དང་། དུས་ཐེངས་རེ་རེར་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལ་སྤྲོད་པ→རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་བྱས་རྗེས་བྱ་དགའི་མ་དངུལ་སྤྲོད་ཆོག

བཞི། གསོན་ཕྱུགས་ཉོ་ཚོང་བྱེད་པའི་སྐྱེལ་འདྲེན་རླངས་འཁོར་གྱི་བྱ་དགའ། རེ་ཞུའི་ཆ་རྐྱེན་འཛོམས་པའི་ཕྱུགས་ཟོག་ཉོ་ཚོང་ཁྲོམ་རར་སྐྱེལ་བའི་རླངས་འཁོར་གྱི་བདག་པོས་རང་མོས་ངང“མདའ་བཞི་རྫོང་གིས་གསོན་ཕྱུགས་བཤས་བཙོང་བྱ་བར་སྐུལ་འདེད་གཏོང་བའི་གསོན་ཕྱུགས་ཉོ་ཚོང་ཁྲོམ་རའི(སྐྱེལ་འདྲེན་རླངས་འཁོར)བྱ་དགའི་ཁ་གསབ་རེ་ཞུའི་རེའུ་མིག”འབྲི་དགོས་པ་དང་གསོན་ཕྱུགས་ཉོ་ཚོང་ཁྲོམ་རའི་དོ་དམ་འགན་འཁུར་བས་སྐྱེལ་འདྲེན་རླངས་འཁོར་གྱི་བྱ་དགའི་ཁ་གསབ་རེ་ཞུའི་ཞིབ་དཔྱད་དང་བསྡུ་རུབ་ལེགས་སྒྲིག་བྱ་དགོས། ཉོ་ཚོང་དུས་ཚོད་ཀྱི་སྔ་གཞུག་ལྟར་གོ་རིམ་སྒྲིག་ནས་གསོན་ཕྱུགས་ཉོ་ཚོང་ཁྲོམ་རའི་སྐྱེལ་འདྲེན་རླངས་འཁོར་གྱི་བྱ་དགའ་དང་ཁ་གསབ་སྤྱི་བསྡོམས་རེའུ་མིག་བཀོད་དེ་རེ་ཞུ་བྱ་དགོས། དུས་ཐེངས་རེ་རེར་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཡོངས་བསྒྲགས་བྱས་ནས་བསམ་འཆར་མི་མཐུན་པ་མེད་ཚེ་མདའ་བཞི་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་བྱས་ནས་བྱ་དགའི་ཁ་གསབ་དངུལ་སྤྲོད་རྒྱུ།

དོན་ཚན་བརྒྱད་པ། བྱ་དགའི་ཚད་གཞི།

གཅིག བཤས་བཙོང་མཁན་ཆེ་གྲས་ཀྱི་བྱ་དགའ།(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད) རྫོང་ཞིང་ཕྱུགས་སྡེ་ཁག་གིས་བསྐྱར་ཞིབ་དཔྱད་བསྡུར་བྱས་ཏེ་བཤས་བཙོང་མཁན་ཆེ་གྲས་ལ་བྱ་དགའི་མ་དངུལ་སྤྲོད་དགོས་པ་དང་། བཤས་བཙོང་མཁན་ཆེ་གྲས་རེར(མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་ཚུད)བྱ་དགའི་སྒོར་ཁྲི1དང་། རྫོང་ཡོངས་ནས་བྱ་དགའ་སྒོར་ཁྲི50སྤྲོད་རྒྱུ་རེད། བཤས་བཙོང་མཁན་ཆེ་གྲས་ཀྱིས་ལོ་གཅིག་ལ་བྱ་དགའ་ཐེངས་གཅིག་ལ་མ་གཏོགས་ལོངས་སྤྱོད་བྱས་མི་ཆོག  ཉོ་ཚོང་དུས་ཚོད་ཀྱི་སྔ་གཞུག་ལྟར་གོ་རིམ་སྒྲིག་ནས་བཤས་བཙོང་བྱ་དགའི་ཚད་གཞིར་མ་སླེབས་ན་བྱ་དགའ་སྤྲོད་མི་ཆོག (གལ་ཏེ་བྱ་དགའི་མ་དངུལ་ལྷག་མ་ཡོད་ཚེ་མ་དངུལ་ལྷག་མ་རྣམས་རོང་འབྲོག་པའི་ཁྱིམ་ཚང་གི་བཤས་བཙོང་བྱ་དགའི་ཐད་སྤྱོད་རྒྱུ།)

གཉིས། རོང་འབྲོག་པའི་ཁྱིམ་ཚང་ལ་བྱ་དགའ་སྤྲོད་པ། རྫོང་ཞིང་ཕྱུགས་སྡེ་ཁག་གིས་རོང་འབྲོག་ཁྱིམ་ཚང་ལ་བྱ་དགའི་དངུལ་བསྐྱར་ཞིབ་དཔྱད་བསྡུར་བྱས་ཏེ་སྤྲོད་རྒྱུ་ཡིན་ཞིང་། ལུག་གཅིག་ལ་བཤས་བཙོང་བྱ་དགའ་སྒོར15དང་ནོར་གཅིག་ལ་བཤས་བཙོང་བྱ་དགའ་སྒོར25སྤྲོད་རྒྱུ། ལོ་འདིའི་ནང་ཁྱིམ་ཚང་རེར་བྱ་དགའི་དངུལ་སྒོར7500ལས་མི་བརྒལ་བ་བྱ་རྒྱུ་རེད། ཉོ་ཚོང་དུས་ཚོད་ཀྱི་སྔ་གཞུག་ལྟར་གོ་རིམ་སྒྲིག་ནས་བྱ་དགའི་དུས་བཀག་ནང་བྱ་དགའི་མ་དངུལ་ཚར་རག་བར་དུ་སྤྲོད་དགོས།

གསུམ། ནོར་ལུག་ཚོང་འདྲེན་བར་ཁེ་པའི་རེ་ཞུ་དང་བྱ་དགའ་སྤྲོད་ཐབས། རྫོང་ཞིང་ཕྱུགས་སྡེ་ཁག་གིས་བསྐྱར་ཞིབ་དཔྱད་བསྡུར་བྱས་ནས་ནོར་ལུག་ཚོང་འདྲེན་ཚབ་གཉེར་པའི་བྱ་དགའི་མ་དངུལ་སྤྲོད་དགོས། ལུག་གཅིག་ལ་བཤས་བཙོང་བྱ་དགའ་སྒོར2དང་ནོར་གཅིག་ལ་བཤས་བཙོང་བྱ་དགའ་སྒོར5སྤྲོད་རྒྱུ་རེད། བར་ཁེ་པ་རེར་བྱ་དགའི་མ་དངུལ་སྒོར་ཁྲི0.3ལས་མི་བརྒལ་བ་དང་རྫོང་ཡོངས་སུ་སྒོར་ཁྲི5ལས་བརྒལ་མི་རུང་། ཉོ་ཚོང་དུས་ཚོད་ཀྱི་སྔ་གཞུག་ལྟར་གོ་རིམ་སྒྲིག་ནས་བྱ་དགའ་ལེན་དགོས། (གལ་ཏེ་བྱ་དགའི་མ་དངུལ་ལྷག་མ་ཡོད་ཚེ་མ་དངུལ་ལྷག་མ་རྣམས་རོང་འབྲོག་པའི་ཁྱིམ་ཚང་གི་བཤས་བཙོང་བྱ་དགའི་ཐད་སྤྱོད་རྒྱུ།)

བཞི། གསོན་ཕྱུགས་ཉོ་ཚོང་བྱེད་པའི་ལས་སྟེགས་བསྐྲུན་ནས་སྐྱེལ་འདྲེན་རླངས་འཁོར་ལ་བྱ་དགའ་སྤྲོད་པ།རྫོང་ཞིང་ཕྱུགས་སྡེ་ཁག་གིས་གསོན་ཕྱུགས་ཉོ་ཚོང་ཁྲོམ་རའི་སྐྱེལ་འདྲེན་འཁོར་རིགས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་བསྐྱར་ཞིབ་དཔྱད་བསྡུར་བྱས་ཏེ་ཁ་གསབ་སྤྲོད་དགོས་པ་དང་། སྐྱེལ་འདྲེན་འཁོར་རིགས་ཆེ་འབྲིང་ཆུང་གསུམ་དུ་དབྱེ་ཡོད་ལ། ཐེངས་གཅིག་ལ་ལུག300(ཚུད་པ)སྐྱེལ་འདྲེན་བྱེད་པའམ་ཡང་ན་ཐེངས་གཅིག་ལ་ནོར50ཡན(ཚུད་པ)སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆེ་གྲས་རིགས་ལ་ཁ་གསབ་སྒོར300ཡོད་པ་དང་། ཐེངས་གཅིག་ལ་ལུག200(ཚུད་པ)ནས300བར་སྐྱེལ་འདྲེན་བྱེད་པའམ་ཡང་ན་ཐེངས་གཅིག་ལ་ནོར20(ཚུད་པ)ནས་ནོར50སྐྱེལ་འདྲེན་བྱེད་པའི་རླངས་འཁོར་འབྲིང་གྲས་ལ་ཁ་གསབ་སྒོར200ཡོད། ཐེངས་གཅིག་ལ་ལུག100(ཚུད་པ)ནས200ཡན་ནམ་ཡང་ན་ཐེངས་གཅིག་ལ་ནོར20མན་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཆུང་གྲས་ལ་ཁ་གསབ་སྒོར100ཡོད། ཉོ་ཚོང་དུས་ཚོད་ཀྱི་སྔ་གཞུག་ལྟར་གོ་རིམ་སྒྲིག་ནས་བྱ་དགའི་ཁ་གསབ་མ་དངུལ་ཚར་རག་བར་དུ་སྟེར་རྒྱུ་རེད། (གལ་ཏེ་བྱ་དགའི་ཁ་གསབ་མ་དངུལ་ལ་ལྷག་མ་ཡོད་པའི་གནས་ཚུལ་ཐོན་ཚེ་མ་དངུལ་ལྷག་མ་རྣམས་རོང་འབྲོག་ཁྱིམ་ནོར་ལུག་བཤས་བཙོང་གི་བྱ་དགའི་ཁ་གསབ་ཐད་སྤྱོད་རྒྱུ་རེད།)

དོན་ཚན་དགུ་པ། བྱ་དགའི་མ་དངུལ་གྱི་ཀུན་ཕན་རང་བཞིན་ལ་གཞིགས་ནས་ལོ་འཁོར་ནང་བཤས་བཙོང་མཁན་ཆེ་གྲས་ཀྱི་བྱ་དགའ(མཉམ་ལས་ཁང་དང་འབྲོག་ཁྱིམ་ཕྱུགས་ར།)དང་།  རོང་འབྲོག་ཁྱིམ་གྱི་བྱ་དགའ། ནོར་ལུག་འཚོང་འདྲེན་གྱི་བར་ཁེའི་བྱ་དགའ་བཅས་རྣམ་གྲངས་གསུམ་གྱི་ནང་ནས་རྣམ་གྲངས་གཅིག་ལོངས་སྤྱོད་བྱེད་པ་ལས། བསྐྱར་དུ་ལོངས་སྤྱོད་བྱེད་མི་ཆོག

དོན་ཚན་བཅུ་པ། བྱ་དགའི་དུས་བཀག་ནི2024ལོའི་ཟླ1པོ་ནས2024ལོའི་ཟླ12པའི་བར་ཡིན་པ་དང་། དེའི་རིང་གལ་ཏེ་ནོར་ལུག་ཕྱིར་གཏོང་རྫོང་ཆེན་གྱི་བྱ་དགའི་མ་དངུལ་ཡོངས་སུ་སྤྱད་ཚར་ན། ཉིན་དེ་ནས་བཟུང་ཇུས་གཞི་འདིའི་བྱ་དགའི་ཡོད་ཚད་མཚམས་འཇོག་རྒྱུ་ཡིན། བཤས་བཙོང་བྱ་དགའ་དེ་དུས་ཐེངས་གཉིས་ལ་དབྱེ་ནས་བྱ་དགའ་རེ་ཞུ་བྱས་ཆོག

གཅིག དུས་རིམ་དང་པོའི་རེ་ཞུའི་དུས་ཚོད་ནི2024ལོའི་ཟླ1པོའི་ཚེས1ཉིན་ནས2024ལོའི་ཟླ8པའི་ཚེས31ཉིན་བར་ཡིན། ཟླ9པའི་ཚེས10ཉིན་གྱི་སྔོན་ལ་དུས་ཐེངས་དང་པོའི་བྱ་དགའི་ཡིག་ཐོག་རེ་ཞུ་དང་ཐོག་མའི་ཞིབ་བཤེར་ལས་དོན་ལེགས་འགྲུབ་བྱེད་དགོས། ཟླ9པའི་ཚེས15ཉིན་གྱི་སྔོན་ལ་ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་བསྐྱར་ཞིབ་དང་ཕྱོགས་བསྡུས་ལས་དོན་ལེགས་འགྲུབ་བྱས་ནས་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལ་ཡར་སྤྲོད་བྱེད་དགོས། ཟླ9པའི་ཚེས25ཉིན་གྱི་སྔོན་ལ་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་ལེགས་འགྲུབ་བྱེད་དགོས་པ་དང་། ཕྱོགས་བསྡུས་ལས་དོན་དེ་ནོར་དོན་ཁྲུའུ་ལ་སྤྲོད་དགོས། ཟླ10པའི་ཟླ་མགོར་ནོར་དོན་གྱིས་ཞིབ་བཤེར་གཏན་འབེབས་དང་བྱ་དགའི་མ་དངུལ་སྤྲོད་པའི་ལས་དོན་ལེགས་འགྲུབ་བྱེད་དགོས།

གཉིས། དུས་རིམ་གཉིས་པའི་རེ་ཞུའི་དུས་ཚོད་ནི2024ལོའི་ཟླ9པའི་ཚེས1ཉིན་ནས2024ལོའི་ཟླ12པའི་ཚེས20ཉིན་བར་ཡིན། ཟླ12པའི་ཚེས25ཉིན་གྱི་སྔོན་ལ་དུས་ཐེངས་གཉིས་པའི་བྱ་དགའི་ཡིག་ཐོག་རེ་ཞུ་དང་ཐོག་མའི་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱེད་དགོས་པ་དང་ཟླ12པའི་ཚེས25ཉིན་གྱི་སྔོན་ལ་ཡུལ་ཚོ(གྲོང་རྡལ)སྲིད་གཞུང་གིས་བསྐྱར་ཞིབ་དང་ཕྱོགས་བསྡུས་བྱ་བ་ལེགས་འགྲུབ་བྱས་ནས་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ལ་ཡར་སྤྲོད་བྱེད་དགོས། ཟླ12པའི་ཚེས31ཉིན་གྱི་སྔོན་ལ་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཀྱིས་བསྐྱར་ཞིབ་ལེགས་སྒྲུབ་བྱེད་དགོས་པ་དང་ཕྱོགས་སྡོམ་བྱ་བ་དེ་ནོར་དོན་ཁྲུའུ་ལ་སྤྲོད་དགོས། 2025ལོའི་ཟླ1པོའི་ཚེས10ཉིན་གྱི་སྔོན་ལ་ནོར་སྲིད་ཞིབ་བཤེར་དང་བྱ་དགའི་མ་དངུལ་སྤྲོད་པའི་བྱ་བ་ལེགས་འགྲུབ་བྱེད་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号