མཚོ་བྱང་ཁུལ་གྱིས"རྒྱལ་དར་མཉམ་སྒྲེང་དང་། རྒྱལ་གླུ་མཉམ་ལེན"གྱི་བྱེད་སྒོ་གཟབ་རྒྱས་ངང་སྤེལ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་བླ་ན་མེད་པའི་གུས་འདུད་དང་དགའ་ཞེན་ཚད་མེད་བྱེད་པ།  རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་བ་དང་། ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་སློང་ཆེད། ཟླ9པའི་ཚེས30ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་དག་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཐང་ཆེན་དུ་འཛོམས་ནས"རྒྱལ་དར་མཉམ་སྒྲེང་དང་། རྒྱལ་གླུ་མཉམ་ལེན"བྱེད་པའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ།

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཕེབས་ཏེ་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་། 

ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཚན་གཙོ་ཞེ་ཧུང་རྨིན་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཚན་གཙོ་གཞོན་པ་ཉིག་ཅུན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཚན་གཙོ་གཞོན་པ་ལི་ཙིན་ཀང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པའི་ཁོངས་མི་སོ་སོ་གདན་ཞུས་ལྟར་ཕེབས། ཁུལ་གྱི་ཁུལ་རིམ་པའི་མགོ་ཁྲིད་དང་ཏང་ཡོན་རྒན་གྲས་ཀྱི་འཐུས་མི། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་དང་ཀུན་སྤྱོད་དཔེ་བཟང་། ངལ་རྩོལ་དཔེ་བཟང་གི་འཐུས་མི། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་ཁུལ་དུ་བཅའ་སྡོད་བྱེད་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་པའི་འཐུས་མི། གུང་གཞོན་ཚོགས་པའི་ཚོགས་མི་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་སོགས་ཁྱོན་བསྡོམས་མི900ལྷག་ཞུགས།

སྔ་དྲོའི་ཆུ་ཚོད8སྟེང་། རྒྱལ་དར་སྲུང་སྐྱོབ་རུ་ཁག་གིས་བརྟན་ཞིང་མཉམ་པའི་གོམ་སྟབས་སྤོས་ཏེ་རྒྱལ་དར་ཁྱེར་ནས་སྟེགས་བུའི་སྟེང་བུད། བྱེད་སྒོར་ཞུགས་པའི་མི་སྣ་ཡོངས་གྲལ་འགྲིག་པོའི་ངང་རྒྱལ་དར་ལ་གདོང་གཏད་ནས་གུས་ཉམས་ངང་ལངས་ཏེ་བརྗིད་ཉམས་དང་གཟབ་ནན་གྱི་རྣམ་པ་ཞིག་མངོན། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་གླུ་སྐད་གྲགས་འོང་དུས། མི་སྣ་ཡོངས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་སྒམ་བརླིང་གུས་སྟབས་ཀྱིས་ལངས་ཏེ་བརྩེ་སེམས་ཟབ་མོའི་སྒོ་ནས་དལ་བུར་བསྒྲེངས་པའི་སྐར་ལྔའི་དར་དམར་ལ་གུས་འདུད་ཞུས་ཤིང་། བླ་ན་མེད་པའི་གུས་འདུད་དང་སྤོབས་སེམས་ཚད་མེད་བཅངས་ནས་མགྲིན་གཅིག་ཏུ་སྐད་གསེང་མཐོན་པོས་རྒྱལ་གླུ་བླངས། མི་སེམས་ལ་སྐུལ་མ་ཐེབས་པའི་རྒྱལ་གཅེས་བརྩེ་སེམས་དང་། དྲིན་ཚོར་ཡར་བརྩོན་གྱི་རྒྱལ་ཁབ་སྟོབས་ཆེར་གྱི་ཕུགས་འདུན་ལ་བློ་སྤོབས་ཀྱིས་ཁེངས་ནས་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་སྔར་ལས་ཟབ་ཏུ་ཕྱིན་པ་དང་།  རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་བཅངས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་ཡོད།  དེའི་རྗེས་སུ། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་དང་ལོ་ཆུང་གདོང་ལེན་རུ་མིའི་འཐུས་མི་སོ་སོས་གཏམ་བཤད་སྤེལ།

ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ནང་བསྟན་དོན། ལོ་ངོ75ཡི་རིང་ལ། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་དཔལ་འོག སྐབས་རིམ་བྱུང་གི་ཁུལ་ཨུ་དང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་ལས་སྐྲུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱས་ནས་མཚོ་བྱང་ས་གཞི་ཆེན་པོ་དར་རྒྱས་གོང་འཕེལ་འགྲོ་བའི་ལེའུ་གསར་པ་བརྩམས་ཡོད། ལྷག་པར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངག་བློ་ལ་བརྟན་པོར་ངེས་པ་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པ་དང་། དཔལ་འབྱོར་རིགས་བསྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་བ། ཐོན་ལས་ཀྱི"གནས་བཞི"ཁྱོན་ཡོངས་ནས་རྒྱས་སུ་བཅུག་པ། "རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་བཏང་བ། གསར་བརྗེ་ཉམས་ཞིབ་ཀྱི་ཆས་རྟགས་ཕྱོགས་ཡོངས་ལ་བསྒྲགས་ཤིང་། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་གྱི་གོམ་སྟབས་བརྟན་ཞིང་ཕུགས་རིང་བོ་ལྡན། མཚོ་བྱང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྟོག་ཞིབ་གནང་བར་ཕེབས་པའི་གནས་ཁྱད་པར་བ་ཞིག་ཡིན་ལ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་འཁྲུངས་ཡུལ་ཡང་ཡིན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། "མཚོ་བྱང་ལྔ"འཛུགས་སྐྲུན་དང"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ་གྱི་དམིགས་འབེན་ལ་དམ་པོར་དམིགས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་ཡག་པོར་བཤད་པ།  ཐོག་མཐའ་བར་གསུམ་དུ"ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་ཡིན་པ"བཅས་ཀྱི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ། གོ་སྐབས་དམ་འཛིན་དང་འགན་འཁུར་དངོས་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་དགོས་ལ། ལས་བྱེད་པ་རྒན་གྲས་དང་ཏང་ཡོན་རྒན་གྲས། སྤྱི་ཚོགས་ལས་རིགས་སོ་སོའི་གྲོགས་པོ་ཚོས་མཚོ་བྱང་གི་བྱ་གཞག་ཡོངས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་པ་དང་། གཞོན་ནུ་ལོ་ཆུང་གྲོགས་པོ་ཚོས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་རང་འགུལ་ངང་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་དང་དུས་རབས་ཀྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རེ་བ་ཡོད། ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་དང་བུ་མོ་ཚོས་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རོགས་རེས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་བརྟན་པོ་བཙུགས་ནས་ཐུན་མོང་ཐོག་སྔར་ལས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་གཏོད་རྒྱུའི་རེ་བ་ཡོད་ཟེར།

རྒྱལ་དར་སྒྲེང་བའི་མཛད་སྒོའི་མཇུག་ཏུ་མི་སྣ་ཡོངས་ཀྱིས<<ང་དང་ངའི་མེས་རྒྱལ>>ཞེས་པའི་གླུ་དབྱངས་མཉམ་ལེན་བྱས། སྐད་གསེང་མཐོན་པོའི་གླུ་སྐད་ཁྲོད་ཚང་མས་ལག་ནང་གི་དར་དམར་ཆུང་ཆུང་གཡུག་བཞིན་བརྩེ་སེམས་ཟབ་མོས་མཉམ་དུ་གླུ་དབྱངས་བླངས་ནས་རླབས་ཆེན་མེས་རྒྱལ་ལ་གུས་བཀུར་དང་དགའ་ཞེན་ཚད་མེད་བྱེད་པའི་བརྩེ་སེམས་མཚོན་པར་བྱས་ཏེ་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་གྱི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号