མཚོ་བྱང་ཁུལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོ་སོ་རུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུས་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་བ་དང་། ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་ཁབ་ཀྱི་གཟི་བརྗིད་དང་མི་རིགས་ཀྱི་སྤོབས་སེམས་ཆེ་རུ་ཏན་ཏིག་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་ཆེད། ཟླ10པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ27དང་དབྱི་སི་ལན་ཆོས་ཁང102ཀྱིས་སོ་སོར་སྒམ་བརླིང་ལྡན་པའི་ངང་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ལས་རིགས་དང་དབྱི་སི་ལན་ཆོས་ལུགས་ལས་རིགས་ཀྱི་ཆོས་ལུགས་ལས་སྒྲུབ་པ་དང་དད་ལྡན་མང་ཚོགས3370ཞུགས།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲ་ཁྲོད་སྐར་ལྔའི་དར་དམར་དལ་མོར་ཡར་བསྒྲེངས་པ་དང་། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་བརྗིད་ཉམས་ལྡན་པའི་ངང་རྒྱལ་དར་ལ་ཁ་ཕྱོགས་ནས་གུས་འདུད་ཞུས་ཏེ་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་། ཕ་ཡུལ་ལ་དགའ་ཞེན། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་མངོན་པར་བྱས། མཚོ་བྱང་གི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་གྱིས་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་རྒྱལ་གཅེས་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཆོས་ལུགས་ལས་རིགས་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་བུ་མོ་དང་མཉམ་དུ"མཚོ་བྱང་ལྔ"འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་ཆོས་ལུགས་ལས་རིགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་སྐུལ་མ་ཐེབས།

རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་རྔམ་བརྗིད་ལྡན་པའི་རྒྱལ་དར་དགོན་པའི་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་གཡོ་བར་མ་ཟད། ཆོས་ལུགས་ལས་རིགས་མི་སྣའི་སེམས་ནང་དུ་དེ་བས་ཀྱང་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། མ་འོངས་པར་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་ལས་ཆེ་རུ་གཏོང་བ་དང་།“རྒྱལ་གཅེས་ཆོས་གཅེས་དང་ཕ་ཡུལ་ལ་དགའ་ཞེན”གྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “མོས་སེམས་ལྔའི”འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ཆོས་ལུགས་འཚམ་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་དབུལ་རྒྱུ་ཡིན་པར་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号