ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་བརྟག་ཞིབ་ཚན་ཆུང་མཚོ་བྱང་ཁུལ་དུ་སླེབས་ཏེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ལས་ཁུངས་བཅོས་སྒྱུར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།  

  


ཟླ3པའི་ཚེས7ཉིན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རིན་ཧོའུ་ཕིན་ཉིང་འཁོར་དང་བཅས་པ་མཚོ་བྱང་དུ་སླེབས་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་། དེའི་རིང་བཞུགས་མོལ་ཚོགས་འདུ་འཚོགས་ལ།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན།  མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཅུས་ཀྲང་གཞོན་པ་ཀའོ་ཅིན་ཡུས་བཅས་ཚོགས་འདུར་ཞུགས།    



བརྟག་ཞིབ་ཚན་ཆུང་འཁོར་དང་བཅས་པས་མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་སྒྲིག་གཞི་བཅོས་སྒྱུར་དང་འཁོར་སྐྱོད་སོགས་ཐད་ཀྱི་བྱ་བའི་སྙན་ཞུ་དང་གྲོས་འགོ་ལ་ཉན་པར་མ་ཟད། དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་གཙོ་གནད་དང་དཀའ་གནད་ལ་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས།    


བརྟག་ཞིབ་ཚན་ཆུང་འཁོར་དང་བཅས་པས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བར་ཐོབ་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་། ཅུས་དང་ས་གནས་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་དེ་བཞིན་མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་ངང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལྟར་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། མཉམ་ལས་གཞོགས་འདེགས་བྱེད་ཚད་ཇེ་ཟབ་ཏུ་གཏོང་བ། དོ་དམ་སྒྲིག་སྲོལ་མཐུན་སྦྱོར་བྱེད་པ། འགན་ནུས་ཁ་གསལ་བཟོ་བ། བྱ་བའི་འགན་འཁྲི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། བླང་བྱ་དང་མཐུན་པའི་འཁོར་སྐྱོད་རྐྱེན་སྲོལ་འཚོལ་ཞིབ་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་ཐབས་ཇུས་དང་སྒྲིག་སྲོལ་ལུགས་མཐུན་དང་འགན་དབང་གཅིག་མཚུངས་ཡོང་བའི་འགན་ལེན་བྱེད་དགོས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་བཅོས་བསྒྱུར་ལས་འགན་དོན་འཁྱོལ་ནན་ཏན་བྱས་ནས། ཕྱོགས་བསྡུས་ཁྲིམས་བསྟར་དོན་ཚན་དག་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་ཏེ། ཁྲིམས་འཛིན་གྱི་ཚད་གཞི་དང་ཚད་ཤིང་གཅིག་གྱུར་བྱས་ནས་ལག་བསྟར་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། དོ་དམ་ཚད་ལྡན་དུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་གྱི་གསོན་ཤུགས་འཕེལ་བར་བྱེད་པ། སྒྲིག་ཁོངས་ཐོན་ཁུངས་བཀོད་སྒྲིག་གི་ཕན་འབྲས་ཆེ་རུ་གཏོང་བ། འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ཁྱབ་ཁོངས་སུ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བྱེད་པ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་བཅོས་སྒྱུར་ལས་འགན་སོ་སོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།



བཞུགས་མོལ་ཚོགས་འདུའི་སྟེང་། ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་སྐབས་ཀྱི་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་ཐད་ལ་གསུང་བཤད་གནང་། མཚོ་བྱང་ཁུལ་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་ཞིག་ཏུ་བརྩིས་ནས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དང་རོགས་ལས་མཐུན་སྦྱོར་ལམ་སྲོལ་དང་མཉམ་ཞུགས་ཚོགས་འདུའི་ལམ་ལུགས་འཛུགས་ཤིང་འཐུས་ཚང་དུ་གཏོང་བ། ཁྲིམས་འཛིན་སྒྲིག་གཞི་བསྡུ་སྒྲིལ་དང་བྱ་བའི་བརྒྱུད་རིམ་ཇེ་ཞིབ་ཏུ་གཏོང་བ། གཞུང་དོན་སྒྲུབ་གནས་དོན་འཁྱོལ་བྱེད་པ། མི་དང་རྒྱུ་ནོར། དངོས་པོའི་གཞན་སྒྱུར་སོགས་འབྲེལ་ཡོད་བྱ་བ་ཡག་པོར་སྒྲུབ་པ་བཅས་བྱས་ནས་རྐང་ཚ་རྫོང་དང་མདའ་བཞི་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས(རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན)ཀྱི་མི་སྣ་ཟླ3པའི་ཚེས15ཉིན་ལས་གནས་ཐོག་ཡོང་ཐུབ་པ་དང་། ཚེས17ཉིན་ལས་ཁུངས་འཁོར་སྐྱོད་ཐུབ་པ། ཚེས20ཉིན་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ཐུབ་པར་འགན་ལེན་བྱས་ཏེ།  ཅུས་དང་ས་གནས་མཉམ་འདྲེས་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་རྗེས་མཐུད་བཅོས་སྒྱུར་བྱ་བ་ཡག་པོར་བསྒྲུབ་དགོས་ཟེར།



ཤ་བོ་སྐྱབས་ཀྱིས་མཚོ་བྱང་ལས་རིགས་ལག་རྩལ་སློབ་གྲྭ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱེད་པ་དང་མཚོ་སྔོན་པོའི་བྱང་ངོས་ཀྱི་དམིགས་བསལ་ཆོག་འཐུས་ས་ཚིགས11གི་ཚོང་གཉེར་གཉེར་དོན་སོ་སོར་ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་བརྟག་ཞིབ་ཚན་ཆུང་ལ་འབྲེལ་ཡོད་སྙན་ཞུ་བྱས།

  

ཞིང་ཆེན་ཏང་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་དང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号