མདོ་ལའི་འགྲིམ་འགྲུལ་ཉེན་རྟོག་པས“ཡིད་འོང་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

“ཡིད་འོང་གྲོང་གསེབ་ཏུ་བསྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་སྔར་བས་མཐོར་འདེགས་སུ་གཏོང་ཆེད། ཟླ5བའི་ཚེས21ཉིན། མདོ་ལ་རྫོང་སྤྱི་བདེ་ཅུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས“གླུ་གར་གྲོང་གསེབ་ཏུ་སྐྱོད་པའི”དམངས་ཕན་འཁྲབ་སྟོན་བྱེད་སྒོ་གོ་སྐབས་སུ་བྱས་ཤིང་། མདོ་ལ་རྫོང་མི་རིགས་གླུ་གར་ཚོགས་པ་དང་མཉམ་འབྲེལ་སྒོས་ཨ་རིག་ཡུལ་ཚོར་འཁྲབ་སྟོན་དང་མཉམ་སྤྲོའི་རྣམ་པའི་ཐོག“ཡིད་འོང་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་སྤེལ་ལ། མང་ཚོགས་རྣམས་ཉན་སྤྲོ་བའི་རྣམ་པའི་ཐོག་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱས་པས། འགྲིམ་འགྲུལ་དཔལ་ཡོན་གྱི་བསིལ་རླུང་མདོ་ལའི་གྲོང་གསེབ་ཀྱི་གྲུ་ཟུར་ཀུན་ཏུ་ལྡང་བར་བྱས།

བྱེད་སྒོའི་སྐབས“ཁྲིམས་ཀྱིས་བདེ་འཇགས་བསྲུང་། དཔལ་ཡོན་གྲོགས་སུ་བསྡེབས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ20འཁོར་བའི་གཙོ་དོན་བྱེད་སྒོ”ལ་དམིགས་ནས། དྲིལ་སྒྲོག་རྒྱུ་ཆ་དང་དྲིལ་སྒྲོག་དངོས་རྫས་འགྲེམ་པ། འཕྲེད་དར་འགེལ་བ། འགྲེམ་པང་གཤོམ་པ། ཁ་གཏད་སྒྲོག་འགྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་དང་ས་གནས་རིག་གནས་ཀྱི་ཁྱད་ཆོས་མཉམ་འདྲེས་ཐོག ས་གནས་མང་ཚོགས་ལ་འགྲེམ་འཁྲབ་རྣམ་པ་དང་མཉམ་སྤྲོ་རྣམ་པའི་འགྲིམ་འགྲུལ་བདེ་འཇགས་མཉམ་འགུལ་མྱོང་རོལ་བྱེད་དུ་བཅུག རིག་རྩལ་འགྲེམ་འཁྲབ་ལ་ལྟ་མཁན་གྱི་ལྟད་མོ་བ་རྣམ་པར་འགྲིམ་འགྲུལ་བདེ་འཇགས་ཁྲིམས་ལུགས་ཤེས་བྱ་ཁྱབ་རྡལ་དང་། ཞིང་སྡེའི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཕྱིར་སྐྱོད་ཀྱི་དོ་སྣང་བྱ་ཡུལ་སྒྲོག་འགྲེལ་བྱས་ལ། མང་ཚོགས་རྣམས་ལ་འཕྲུལ་རྟ་དང་གློག་སྒུལ་འཁོར་ལོར་ཞོན་སྐབས་བདེ་འཇགས་ཞྭ་མོ་མི་གྱོན་པ་དང་གཏན་འཁེལ་གྱི་འཁོར་ལམ་དུ་མི་བསྐྱོད་པ། གཞུང་ལམ་གང་བྱུང་དུ་བརྒལ་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱས། དེ་དང་དུས་མཚུངས་སུ། དཔེ་མཚོན་དོན་རྐྱེན་གྱི་གྱོད་དཔེ་དང་ཟུང་འབྲེལ་སྒོས་དཔང་རྟགས་མེད་པར་རླངས་འཁོར་བསྐོར་བ་དང་ཆང་འཐུང་ནས་རླངས་འཁོར་བསྐོར་བ། བཟི་ནས་བསྐོར་བ། ཞིང་སྤྱོད་རླངས་འཁོར་དུ་ཁྲིམས་འགལ་ངང་མི་སྣ་སྡོད་པ་སོགས་གྲོང་གསེབ་ཁུལ་གྱི་རྒྱུན་མཐོང་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེ་དང་། དེ་བཞིན་དོན་རྐྱེན་བྱུང་བའི་མཇུག་འབྲས་ཚབས་ཆེན་གཙོ་གནད་ཐོག་སྒྲོག་འགྲེལ་བྱས་ཏེ། རྒྱ་ཆེའི་རོང་འབྲོག་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱེད་རྒྱུའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་ཐུབ་པར་བྱས་ནས། འགྲིམ་འགྲུལ་གྱི་སྲོལ་ངན་རང་རྟོགས་ངང་འགོག་རྒོལ་དང་གོམས་གཤིས་ལེགས་པོ་སྐྱེད་སྲིང་བྱེད་པར་ཁྲིད་སྟོན་བྱས། 

དྲིལ་སྒྲོག་བྱེད་སྒོའི་ཁྲོད་དྲིལ་སྒྲོག་རྒྱུ་ཆ180ལྷག་ཙམ་སྤྲད་པ་དང་། འཕྲེད་དར2བཀལ། འགྲེམས་པང4བསྒྲིགས། སློབ་གསོ་ཐོབ་པའི་མང་ཚོགས220ལྷག་ཙམ་ཡོད། ཐེངས་འདིའི“སྐོར་སྐྱོད་འཁྲབ་སྟོན་རྣམ་པ་དང་མཉམ་སྤྲོ་རྣམ་པའི”ཡིད་འོང་གྲོང་གསེབ་ཏུ་སྐྱོད་པའི་འགྲིམ་འགྲུལ་བདེ་འཇགས་སྒྲོག་འགྲེལ་བྱེད་སྒོར་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་ཡོད། རྒྱ་ཆེའི་སྡེ་དམངས་མང་ཚོགས་ཀྱིས་དཔལ་ཡོན་བྱ་སྤྱོད་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཁྱབ་པར་བྱས་ཏེ་རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་། དཔལ་ཡོན་འགྲིམ་འགྲུལ་ཁྲོད་མཉམ་ཞུགས་བྱེད་པར་བརྩོན་ལེན་བྱས་ནས། ཐུན་མོང་ཐོག་དཔལ་ཡོན་དང་གོ་རིམ་ལྡན་པའི་བགྲོད་ལམ་འགྲིམ་འགྲུལ་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་བརྗོད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号