སློབ་ཆེན་གསར་པ་འདིར་ད་ལོ་སློབ་མ་300བསྡུ་རྒྱུ་རེད།

ཟླ6ཚེས22ཉིན་ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། སློབ་གསོ་པུའུ་དང་། ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་གྱིས་ཐུན་མོང་ཐོག་རྒྱབ་སྐྱོར་དང་འཛུགས་སྐྲུན་བྱས་པའི་ལུས་གསོའི་སློབ་གྲྭ་ཆེན་མོ་ཆིང་ཏའོ་རུ་བཙུགས་པ་རེད།

ལུས་གསོའི་སློབ་གྲྭ་ཆེན་མོ་ནི་རང་རྒྱལ་གྱི“ལུས་གསོ”ཞེས་པའི་མིང་བཏགས་པའི་སློབ་གྲྭ་ཆེན་མོ་ཐོག་མ་དེ་ཡིན་ཞིང་། ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་དུ་ཆགས་ཡོད། དེ་ནི་གཞུང་གཉེར་སྤྱིར་བཏང་དངོས་གཞིའི་ཚན་ཁག་གི་སློབ་གྲྭ་ཡིན་ཞིང་། ཞིབ་འཇུག་རྣམ་པའི་སློབ་གྲྭ་གསར་པར་གཏན་ཁེལ་བྱས་ཏེ་རྨང་གཞིའི་རང་བཞིན་དང་མདུན་གྲལ་གྱི་ཚན་རིག་ལག་རྩལ་ཞིབ་འཇུག་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད། མིག་སྔར་ལུས་གསོའི་ཚན་རིག་དང་བཟོ་སྐྲུན་སློབ་གླིང་དང་། ཚེ་སྲོག་ཚན་རིག་དང་བདེ་ཐང་སློབ་གླིང་། སྤྱི་ཚོགས་འཕེལ་རྒྱས་སློབ་གླིང་། ནད་ཐོག་གསོ་རིག་སློབ་གླིང་དང་། སྤྱི་པའི་སློབ་ཁྲིད་སྡེ་ཁག་བཅས་སློབ་གླིང་ལྔ་དང་། ཞོར་གཏོགས་སྨན་ཁང་3བཅས་ཡོད་པ་རེད། ད་ལོ་ཁག་དང་པོའི་ཆེད་ལས་ལྔ་ལ་ཁྱོན་བསྡོམས་སློབ་མ་300བསྡུ་རྒྱུ་ཡིན་པ་རེད།

ལུས་གསོའི་སློབ་གྲྭ་ཆེན་མོའི་སློབ་དོན་པུའུ་ཡི་འགན་འཁུར་བ་ཝང་ལི་ཞང་གིས། ང་ཚོས་ཁག་དང་པོར་ལུས་གསོའི་དངོས་ཁམས་སྨན་བཅོས་དང་། ལུས་གསོའི་ལས་སྒྲུབ་སྨན་བཅོས། ནད་ཐོག་གསོ་རིག  སྐྱེ་དངོས་གསོ་རིག་ལས་གྲྭ། སྐྱེ་དངོས་ཆ་འཕྲིན་རིག་པ་བཅས་དངོས་གཞིའི་ཚན་ཁག་གི་ཆེད་ལས་5བཙུགས་ཡོད་ཅིང་། སློབ་གྲྭས་རིག་གཞུང་ཚན་ཁག་ལས་བརྒལ་བའི་སྣོལ་སྡེབ་མཉམ་འདྲེས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ལ་སྐུལ་འདེད་བཏང་ནས། ལུས་གསོའི་བྱ་གཞག་གོང་འཕེལ་གཏོང་བར་སྣེ་ཁྲིད་བྱེད་ཐུབ་པའི་སྣ་འཛོམས་ཅན་གྱི་གསར་གཏོད་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号