【ཨ་རིག་གླེན་པའི་གཏམ་རྒྱུད།】   ཇོ་བོར་རྩམ་ཁུག་བཅོལ་བ།



སྔོན་ཨ་རིག་རྒད་པོ་ཞིག་དབུས་གཙང་ལ་སོང་སྟེ་ཇོ་བོ་རིན་པོ་ཆེར་མཇལ་སྐབས་རྩམ་ཁུག་ཅིག་ཡོད་པ་དེ་སྐུ་མདུན་ལ་བཞག་ནས། ཇོ་བོ་རིན་པོ་ཆེ་ལགས། རྩམ་ཁུག་འདི་ཅུང་ཁུར་ལྕི་བས་ཁྱེད་ལ་བཅོལ་བ་ཡིན། ཉིན་འགའི་རྗེས་ནས་ང་ལེན་དུ་ཡོང་ཆོག་ཅེས་བཤད་ནས་བུད་སོང་། ཉིན་འགའི་རྗེས་ནས་ཡོང་དུས་རྩམ་ཁུག་རྐུན་མས་རྐུས་སོང་བ་ལ། ཨ་རིག་རྒད་པོས་ཇོ་བོ་རིན་པོ་ཆེ་ལགས། ངའི་རྩམ་ཁུག་གང་དུ་བཞག་ཡོད་ཅེས་དྲིས་ཚེ། ཇོ་བོས་ཅི་ཡང་མ་གསུངས། ཡང་བསྐྱར་ལན་འགར་དྲིས་པ་ན།  ཇོ་བོར་ཞལ་འཛུམ་ཞིག་ཤོར།   དེ་དུས་ཨ་རིག་རྒད་པོས་འོ་རྐུན་མ་ཁྱེད་ཀྱིས་ཟོས་སོང་བ་རེད་དམ་ཟེར་བཞིན་བུད་སོང་ངོ་།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号