དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ལུས་ཤུལ་གྱི་བརྒྱུད་ཁྲིད་བསྐྱེད་བསྲིང་ལས་འགུལ་སྤེལ།

དབྱར་ཟླ་དྲུག་པའི་འབྲོག་པའི་རྩྭ་ཐང་ནི་ལྗང་མདོག་གི་གོས་ཆེན་འཛིན་མའི་ཁྱོན་ལ་གཡོགས་པ་དང་། ནོར་འཛིན་སྒེག་མོས་དབྱར་གྱི་གཞོན་ཤ་དོད་ཅིང་མཛེས་པ་ཐམས་ཅད་སྦ་གསང་མེད་པར་མངོན་པ་དང་ཀུན་ནས་མཚུངས། ཟླ༦ཚེས༡༩ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ལུས་ཤུལ་དཔའ་རིས་དམངས་གླུའི་བརྒྱུད་ཁྲིད་བསྐྱེད་བསྲིང་ལས་འགུལ་སྤེལ།

སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གིས་གསུངས་དོན། རང་རྒྱལ་ནི་མི་རིགས་མང་བོའི་གཅིག་གྱུར་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་མང་པོས་རྒྱུན་མཐུད་དུ་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་བྱས་ནས་གྲུབ་པ་ཡིན་ལ། ཀྲུང་ཧྭ་རིག་གནས་ཏེ་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཞིང་སར་འདེབས་པ་དང་། ལོ་རྒྱུས་ཀྱི་རྒྱུན་རིང་བ། དེ་ནི་འཛམ་གླིང་དུ་རྒྱུན་ཆད་མེད་པར་ད་ལྟའི་བར་དུ་འཕེལ་རྒྱས་བྱུང་བའི་རིག་གནས་ཤིག་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གཙུག་ཏུ་འཛིན་དགོས་པ་དང་། རྒྱུན་འཛིན་མི་སྣ་བསྐྱེད་བསྲིང་། མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་དང་། མི་རྣམས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། རྒྱལ་ཁབ་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་བསྐྲུན་པ། རིགས་སོ་སོས་མེས་རྒྱལ་རླབས་པོ་ཆེ། ཀྲུང་ཧྭ་མི་རིགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ངོས་འཛིན་གཅིག་མཐུན་ཡོང་པར་བྱ་དགོས། ཞེས་གསུངས་པ་བཞིན།

དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བ་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ལུས་ཤུལ་དཔའ་རིས་དམངས་གླུ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ལུས་ཤུལ་དཔའ་རིས་གཉེན་སྲོལ། གྲོང་ཁྱེར་རིམ་པའི་གཟུགས་མེད་རིག་གནས་ལུས་ཤུལ་དཔའ་རིས་བཤད་པ་བཅས་ཀྱི་ལས་གཞིའི་གཙོ་སྐྱོང་ལས་ཁུངས་ཡིན་པས། ཉེ་ལམ་ང་ཚོས་རྣམ་པ་གསར་བ་དང་རྣམ་གྲངས་ཕུན་སུམ་ཚོགས་པའི་སྒོ་ནས་དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་རིག་གནས་འཚོ་བ་ཡར་བསྐྱེད་དང་། ཕྱོགས་ཡོངས་ནས་ཀྲུང་གོའི་དེང་རབས་ཅན་གྱི་གྲུབ་འབྲས་དྲིལ་བསྒྲགས། སྤོབས་པ་ཆེར་བསྐྱེད་དང་། མི་སེམས་དྲོད་འཛོམས། དམངས་སེམས་གཅིག་འདུས་བཅས་ཀྱི་སྤྱི་ཚོགས་སྣང་ཚུལ་སྐྲུན་པ་དང་། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་དཔལ་འབྱོར་དར་རྒྱས་གོང་སྤེལ་གྱི་རིག་གནས་རྨང་གཞི་སྲ་བརྟན་སྐྲུན་རྒྱུར་སྐུལ་སྤེལ་བྱ་ཆེད་ཐེངས་འདིའི་ལས་འགུལ་སྤེལ་བ་ལགས།

ལས་འགུལ་ཁྲོད། སྙན་འཇེབས་ལྡན་པའི་དཔའ་རིས་དམངས་གླུའི་ངག་གི་འགྱུར་ཁུགས་ཀྱིས་ཀུན་གྱི་སྙན་དབང་གསོས་ལ། མངོན་བརྗོད་དང་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་དཔའ་རིས་བཤད་པས་ཡིད་ཀྱི་དགའ་སྟོན་དབྱར་གྱི་མཛེས་པ་ལྷུག་པར་དོད་པའི་འབྲོག་པའི་རྩྭ་ཐང་གི་ཉམས་སྣང་དང་འགྲོས་གཅིག་ཏུ་འཁྱུད། སྲོལ་རྒྱུན་གྱི་རྩམ་དྲི་མ་ཡལ་བའི་རྩེད་རིག་གི་གར་གྱི་སྟངས་སྟབས་ཀྱིས་འདུ་ཚོགས་ཁྲོམ་ལ་ཕྲ་ཆུང་མིག་དབང་གསོ་བའི་བདུད་རྩི་རུ་གྱུར། དེ་བས་སྲོལ་རྒྱུན་རིག་གནས་ཀྱི་རྒྱུ་ནོམ་དུ་གྱུར་བའི་དཔའ་རིས་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ་རྒྱུན་འཛིན་དང་དེང་རབས་ཚན་རྩལ་ལ་བརྟེན་ནས་གསར་གཏོད་གོང་སྤེལ། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་སྐྲུན་རྒྱུར་སྐུལ་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་རིགས་སོ་སོར་ཕན་ཚུན་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་བྱེད་རྒྱུ་དེ་ལས་འགུལ་གྱི་དམིགས་སུ་བཟུང་ངོ་། །

རྗེས་མར། ང་ཚོས་མུ་མཐུད་དུ་གཟུགས་མེད་རིག་གནས་ལུས་ཤུལ་མ་ལག་ཅན་དུ་སྲུང་སྐྱོང་དང་། རྫོང་ཁོངས་སུ་དམངས་ཚོགས་ཀྱི་ཉིན་བཞིན་ཡར་བསྐྱེད་འགྲོ་བཞིན་པའི་བསམ་པའི་དཔལ་ཡོན་གྱི་རེ་བ་བསྐང་ཅི་ཐུབ་དང་། ཡུལ་ཁོངས་རིག་གནས་ཀྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་དེང་རབས་ཅན་གྱི་ཤེས་རིག་འཛུགས་སྐྲུན་ལ་ངར་ཤུགས་ཆེར་བསྐྱེད། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཐུན་མོང་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་བསྐྲུན་རྒྱུར་འབད་འབུངས་བྱ་རྒྱུ་དེའོ། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号