རྐུན་ཇག་ནན་རྡུང་། མི་དམངས་བདེ་འཁོད།

ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྐུ་འཕྲོག་ཉེས་གསོག་ལ་རྡུང་རྡེག་བཏང་བའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།

གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོ་ཤར་ཚུན་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་གོང་རིམ་གྱི་མཛུབ་སྟོན་དང་ལེན་ཧུར་ཐག་ཞུས་ནས་“མྱུར་ཞིབ་མྱུར་རྟོགས་བྱེད་པའི”ཐབས་ཇུས་ལག་ལེན་བསྟར་བས་རྐུ་འཕྲོག་གྱོད་གཞི་ཐོ་འགོད་བྱེད་ཚད་60.2%ཆག་པ་དང་གྱོད་གཞི་རྩད་གཅོད་བྱེད་ཚད་34.7%མཐོ་རུ་ཕྱིན་ཡོད་པ་རེད། ནུས་ལྡན་གྱི་རྡུང་རྡེག་འོག་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་ཚོགས་པ་5བདེ་བླག་ངང་རྩ་གཏོར་བཏང་ནས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་147མི་ཕོག་བྱས་ཡོད་པ་རེད།

རྐུ་འཕྲོག་གྱོད་གཞི་སྣ་ཚོགས་ཁྲོད་རྐུ་འཕྲོག་གྱོད་གཞི་ཐོ་འགོད་གྲངས་འབོར་དུས་མཚུངས་ལས་88.3%ཆེས་ཆེར་ཉུང་དུ་ཕྱིན་པ་དང་གྱོད་གཞི་རྩད་ཆོད་ཚད་66.1%བར་འཕར་ནས་ན་ནིང་ལས་བརྒྱ་ཆའི་གྲངས་62.6འཕར་ཡོད་པ་རེད།

གཞན་ཡང་འདི་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པའི་བར་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཁྱོན་ཉེན་རྟོག་པ་མི་ཐེངས་35061བཏང་ནས་རིགས་འདྲ་མིན་གྱི་གནས་ཡུལ་ཁག་ཁྲི་5ལྷག་ཙམ་ལ་ཞིབ་བཤེར་ནན་པོ་་བྱས་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་1065ཤེས་རྟོགས་བྱུང་བ་དང་འབྲེལ་དག་ཐེར་བྱས་ནས་མངོན་མེད་ཉེན་ཁ་སྔོན་འགོག་ནུས་ལྡན་བྱས་ཡོད་པ་རེད།

སླད་ཕྱིན་ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྱོད་གཞི་ཐོན་ཚད་ཉུང་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་དང་ཆབས་ཅིག ཉེན་རྟོག་ཕྱོགས་ཀྱིས་ཀྱང་གྲོང་མི་མང་ཚོགས་ཚོས་རྐྱེན་ངན་སྔོན་འགོག་དང་ཉེན་ཁ་ཚོད་འཛིན་བྱེད་པའི་ནང་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་ཞི་མཐུན་བདེ་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་གཏོད་དགོས་པའི་རེ་འབོད་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号