“ཁུ་ནུའི་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད”ཅེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།

ཟླ7པའི་ཚེས24ཉིན། “ཁུ་ནུའི་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིསའཛུགས་སྐྲུན་བྱེད”ཅེས་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བང་ཅིན་ཀྲའེ་ཡིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡུའུ་ཏུང་ཚོགས་འདུར་ཞུགས།

ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་གཙོ་སྒྲུབ་དང་། ཞིང་ཆེན་དམངས་ཆེན་སློབ་གསོ་ཚན་རིག རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། གོ་མིན་ཏང་གསར་བརྗེའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན། ཚོགས་འདུའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་རིག་གནས་བསམ་བློ་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་བརྗོད་དོན་དུ་བྱས་ཏེ། ཁུ་ནུའི་རིག་གནས་ཀྱི་བསམ་བློའི་ནང་སྙིང་ལ་འགྲེལ་བརྗོད་དང་། ཁུ་ནུའི་རིག་གནས་ཀྱི་དུས་རབས་རིན་ཐང་སྔོག་འདོན་བྱས་ཏེ། ཁུ་ནུའི་རིག་གནས་ཀྱི་ཤན་ཤུགས་མཐོར་འདེགས་སུ་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་བསྒྱུར་བཅོས་དང་། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པ་དེ་ཡིན། རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་སྡེ་ཁག་གི་ཆེད་མཁས་པ་བགྲོ་གླེང་སྟེང་ཞུགས་པ་མ་ཟད་གཏམ་བཤད། 

མགོ་རྩོམ་མཛད་སྒོའི་སྟེང་། ཁུ་ནུའི་རིག་གནས་ཞིབ་འཇུག་ཁང་གི་ཡོལ་བ་ཕྱེས་པའི་མཛད་སྒོ་བསྡུས་པ་མ་ཟད། ཆེད་མཁས་པར་དཔང་ཡིག་གནང་། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་དང་། རྒྱལ་ཁབ་རིག་གནས་སྤྱི་གླིང་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཝུའུ་ཧན་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཆེད་མཁས་པ7གྱིས་བརྗོད་དོན་གཏམ་བཤད་གནང་། ཚོགས་ཞུགས་ཆེད་མཁས་པས“ཁུ་ནུ་རིག་གནས་དང་ཀྲུང་ཧྭའི་དཔལ་ཡོན”དང“ཁུ་ནུ་རིག་གནས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ“ཁུ་ནུ་རིག་གནས་ཀྱི་ནང་སྙིང་དང་དུས་རབས་ཀྱི་རིན་ཐང”“ཁུ་ནུ་རིག་གནས་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན”བཅས་ཕྱོགས་བཞིའི་བརྗོད་དོན་མི་འདྲ་བའི་སྒོ་ནས་ཚན་བགོས་བགྲོ་གླེང་བྱས།

དེའི་སྐབས་སུ། ཆེད་མཁས་པ་ཚོ་ད་དུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་རིག་གཞུང་རྟོག་ཞིབ་བྱེད་དུ་འགྲོ་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号