ཡུས་ཧྲུའུ་ཡི2024ལོའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྐོར་དང་པོ་པེ་ཅིན་དུ་སྨན་བཅོས་བྱེད་པར་བསྐྱོད་པ།

ཟླ7པའི་ཚེས29ཉིན། 2024ལོའི་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་གྱི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པར་རིན་མི་དགོས་པར་བརྟག་དཔྱད་དང་སྐྱོབ་བཅོས་བྱེད་སྒོའི་ཕེབས་སྐྱེལ་མཛད་སྒོ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དཔལ་ཐང་གནམ་གྲུ་ཐང་དུ་འཚོགས་པ་དང་། ནད་རྟགས་གཏན་འཁེལ་བྱས་པའི་སྐོར་དང་པོའི་བྱིས་པ23དང་དེའི་ལྟ་སྐྱོང་བྱེད་མཁན་བཅས་ཁྱོན་མི100ལྷག་པེ་ཅིན་དུ་བསྐྱོད་དེ་རིན་མེད་ངང་སྨན་བཅོས་དང་ལེན་བྱ་རྒྱུ་རེད།

ཟླ7པའི་ཚེས9ནས་ཚེས12ཉིན་བར། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་པེ་ཅིན་བཀོད་འདོམས་པུའུ་ཡི་སྤྱི་འདོམས་མཐུན་སྦྱོར་འོག རྒྱལ་ཁབ་ནགས་ལས་ཐོན་ལས་བཟོ་ལས་མཐུན་ཚོགས་ཀྱི་བདེ་ཐང་མཐའ་མཚམས་དུ་བསྐྱོད་པའི་སྒྲིག་འཛུགས་ཨུ་ལྷན་གྱིས་པེ་ཅིན་ཐུན་རེན་སྨན་ཁང་དང་པེ་ཅིན་སློབ་ཆེན་རྒྱལ་སྤྱིའི་སྨན་ཁང་སྙིང་ཁམས་ལྟེ་གནས་ཀྱི་ཆེད་མཁས་པའི་སྣེ་ཁྲིད་དེ། སྔ་རྗེས་སུ་ཡུས་ཧྲུའུ་གྲོང་ཁྱེར་དང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་བཅས་སུ་ཡུས་ཧྲུའུ་ཁུལ་གྱི་སྙིང་ནད་དོགས་གཞིའི་བྱིས་པ408ལ་རིན་མེད་བརྟག་དཔྱད་བྱས་ཤིང་། དེའི་ནང་ནད་པ40ལ་གཤགས་བཅོས་བྱེད་དགོས་པ་གཏན་འཁེལ་བྱས། བྱིས་པ་དང་ཁྱིམ་བདག་ལ་ལམ་བར་གྱི་དཀའ་ངལ་ཇེ་ཆུང་དུ་གཏོང་ཆེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་པེ་ཅིན་བཀོད་འདོམས་པུའུ་ཡིས་ཧྭ་ཞ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་དང་པེ་ཅིན་རྒྱལ་སའི་མཁའ་འགྲུལ་ཀུང་སི་སོགས་གཅེས་སེམས་ཁེ་ལས་ཀྱི་རྒྱབ་སྐྱོར་ལ་མཐུན་སྦྱོར་ཧུར་ཐག་བྱས་ཏེ། ད་ལོར་སྐོར་དང་པོའི་བྱིས་པ23དང་དེ་བཞིན་ཁྱིམ་བདག་ལ་ཡུས་ཧྲུའུ་ནས་པེ་ཅིན་བར་གྱི་ཐད་འཕུར་གནམ་གྲུའི་སྤ་སེ་ཉོས་ཤིང་། ལམ་བར་གྱི་དུས་ཡུན་ཆུ་ཚོད5བར་ཇེ་ཐུང་དུ་བཏང་སྟེ། ནད་གཞི་ཕོག་པའི་བྱིས་པས་སེམས་ཁམས་བཟང་པོས་ངང་རྗེས་མའི་བཤག་བཅོས་དང་ལེན་བྱེད་པར་ཁག་ཐེག་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཡུས་ཧྲུའུ་ཁུལ་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མང་པོ་ཡོད་པར་གཞིགས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་པེ་ཅིན་བཀོད་འདོམས་པུའུ་ཡིས་རིན་མེད་སྨན་བཅོས་བྱེད་སྒོ་བསྟུད་མར་སྒྲིག་འཛུགས་བྱས་ཤིང་། 2020ལོ་ནས་བཟུང་པེ་ཅིན་དང་ཡུས་ཧྲུའུ་ས་ཁུལ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། སྨན་བཅོས་སྒྲིག་གཞི། གཅེས་སེམས་ཁེ་ལས་བཅས་ལ་གཅིག་གྱུར་མཐུན་སྦྱོར་བྱས་ནས། བསྟུད་མར་ལོ་ལྔ་ལ་རིན་མེད་བརྟག་དཔྱད་དང་སྨན་བཅོས་བྱེད་སྒོ་སྤེལ་བ་དང་། བསྡོམས་པས་ནད་གཞིའི་དོགས་པ་ཡོད་པའི་བྱིས་པ3000ལྷག་ལ་བརྟག་དཔྱད་བྱས་ཏེ། སྔ་རྗེས་སུ་སྙིང་ནད་ཕོག་པའི་ཡུས་ཧྲུའུ་བྱིས་པ164ལ་པེ་ཅིན་དུ་རིན་མེད་ངང་བཤག་བཅོས་བྱས་པ་དང་། རིམ་རྩིས་བྱས་ན་བྱིས་པའི་ཁྱིམ་ཚང་གི་འགྲོ་སོང་སྒོར་ཁྲི800ལྷག་གྲོན་ཆུང་བྱས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号