བོད་ལྗོངས་ཀྱི་ཞོ་སྟོན་དུས་ཆེན་ཐོག་ལྷ་མོ་ཟློས་གར་ལ་གཟིགས་པ།
བོད་ཀྱི་ལྷ་མོ་ཟློས་གར་ནི་གླུ་མ་གཏམ་དང་འཁྲབ་སྟོན། ཞབས་བྲོ། རྩོམ་རིག་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྒྱུ་རྩལ་རིགས་ཤིག་ཡིན། ཞོ་སྟོན་དུས་ཆེན་ཐོག་བོད་ཀྱི་ལྷ་མོ་ཟློས་གར་འཁྲབ་སྟོན་བྱེད་པ་ནི་མེད་དུ་མི་རུང་བའི་རིག་གནས་གསོལ་སྟོན་ཞིག་ཡིན། ཟླ༨པའི་ཚེས༤ནས་ཟླ༨པའི་ཚེས༡༠བར་དུ་ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ་ནས་ཡོང་བའི་བོད་ཀྱི་ལྷ་མོ་ཟློས་གར་འཁྲབ་སྟོན་རུ་ཁག༨ཀྱིས་ལྷ་ས་གྲོང་ཁྱེར་ནོར་བུ་གླང་ག་ནས་འཁྲབ་སྟོན་བྱས་པས། གྲོང་མི་དང་ཡུལ་སྐོར་པ་མང་བའི་ཡིད་སེམས་དབང་མེད་དུ་འཕྲོག་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注