བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས“3+3”བྱེད་སྟངས་ལ་བརྟེན་ནས་གྲོང་སྡོད་ལས་བྱེད་པའི་སློབ་སྦྱོང་དང་སློབ་གསོར་ཕན་འབྲས་ཐོན་པར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་ཧུར་ཐག་དང་བྱ་ཐབས་གསར་གཏོད་བྱས་ཏེ“3+3”གྲོང་སྡོད་ལས་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་བྱེད་སྟངས་གསར་པ་བཏོད་དེ་ཆབ་སྲིད་འཛུགས་སྐྱོང་ལ་སྤྱི་འདོམས་སུ་བྱེད་པ་དང་། རིགས་དབྱེ་ལག་བསྟར་ཤུགས་ཆེར་གཏོང་བ། གསོ་སྦྱོང་བྱ་ཐབས་གསར་གཏོད་བཅས་བྱས་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བར་ནུས་པ་འདོན་སྤྲོད་བྱས་ཡོད།

བྲག་ཡིབ་ཆུས་ཀྱིས་བྲག་ཡིབ་ཆུས་ཨུད་ཏང་གི་སློབ་གྲྭ་དང་གྲོང་ཚོའི(སྡེ་ཁུལ)ཏང་དམངས་ཞབས་ཞུའི་ལྟེ་གནས་སོགས་ལ་བརྟེན་ནས་གྲོང་སྡོད་ལས་བྱེད་པའི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་མང་པོ་འཚོགས་ནས་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ལ་ཏང་འཛུགས་སྐྱོང་དང་། སྲིད་ཇུས། ཁྲིམས་སྐྱོང་། ཞིང་ལས་སོགས་ཐད་ཀྱི་ཆེད་ལས་ཤེས་བྱ་སློབ་ཁྲིད་བྱས་ཡོད། “རྟེན་གཞིའི”རྣམ་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་བྲག་ཡིབ་ཆུས་ཀྱི་གསར་བརྗེའི་འགྲེམས་སྟོན་ཁང་དང་། སྲིད་གཙང་སློབ་གསོའི་རྟེན་གཞི། གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་དངོས་སྦྱོང་རྟེན་གཞི་དཀྱུས་གཅིག་ཏུ་བཏོད་པ་དང་། བཅའ་སྡོད་རེས་སྐོར་བྱས་ཚུན་ས་གནས་ས་ཐོག་ཏུ་སློབ་སྦྱོང་དང་གསོ་སྦྱོང་སྣ་ཚོགས་ཐེངས་20ལྷག་ཙམ་སྤེལ་ཡོད། མིག་སྔའི་བར་རེས་སྐོར་གསར་པའི“ཉིན་བརྒྱར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པའི་བརྟག་ཞིབ་ཆེན་པོའི”འདྲི་རྟོག་བྱེད་ཚད་71%ཟིན་པ་དང་། འདྲི་རྟོག་བྱེད་རིང་མང་ཚོགས་ལ་བྱ་བ་དངོས་254བསྒྲུབས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་304ཐག་གཅོད་བྱེད་རོགས་བྱས་པ། འགལ་བ་དང་རྩོད་གཞི་115ཐག་གཅོད་བྱས་ཡོད།

བྲག་ཡིབ་ཆུས་ཀྱིས་ཏང་ཡོན་གྱི“འབྱོར་ཐོ་གཉིས་བཀོད”གོ་སྐབས་སུ་བྱས་ནས་ཁོངས་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་མཐུན་སྦྱོར་བྱས་ནས་སློབ་ཁྲིད་བྱེད་སྒོ་སྤེལ་བ་དང་། དུས་བཀག་ནང་གྲོང་གསེབ་དང་སྡེ་ཁུལ་སོགས་སུ་སློབ་གསོ་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་སྤེལ་བ། ངོ་ཐུག་གདོང་འཕྲད་ཀྱིས་རིགས་པའི་གཞུང་ལུགས་འཆད་འཁྲིད་དང་གནས་ཀྱིས་གནས་ལ་དམིགས་ནས་ལག་རྩལ་སློབ་ཁྲིད་ཐེངས་35བྱས་པ། གྲོང་སྡོད(སྡེ་ཁུལ)ལས་བྱེད་པ་དང་། གྲོང་ཚོའི(སྡེ་ཁུལ)རྐང་འཛིན་ལས་བྱེད་པ། ཞིང་འབྲོག་ཁུལ་གྱི་ཚན་རྩལ་མི་སྣ་བཅས་120ལྷག་ཙམ་ལ་ཏང་གི་དམངས་ཕན་ཞིང་ཕན་སྲིད་ཇུས་སྦྱོང་རོགས་བྱས་ནས་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ལ་རྒྱུས་མངའ་ལོན་ཚད་མཐོ་རུ་རྒྱུན་མཐུད་བཏང་ཡོད།

ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་བྱེད་པའི་ལས་དོན་ཚོགས་འདུའི་བླང་བྱར་དམིགས་ནས་བྲག་ཡིབ་ཆུས་ཀྱི་གྲོང་སྡོད་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྦྱོང་བ་དང་གྲོང་སྡོད་ལས་བྱེད་པས་རང་སྦྱོང་བྱེད་པའི་སློབ་སྦྱོང་བྱེད་སྟངས་ཧུར་ཐག་བཏོད་ནས་སྔ་རྗེས་སུ་གྲོང་སྡོད་ཀྱི“རིགས་གསུམ”གྱི་ཆེད་བསྐོས་ལས་བྱེད་པ་དང་གྲོང་སྡོད་ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། གྲོང་གསེབ་དར་རྒྱས་དང་། གཞི་རིམ་ཏང་འཛུགས་སྐྱོང་། གྲོང་སྡོད་ལས་སྒོ་བཅས་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་ཁྱོན་མི་260ལྷག་ཙམ་སློབ་སྦྱོང་གསོ་སྦྱོང་ལ་ཞུགས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号