ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ།

ཟླ8པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་ཐོན་སྐྱེད་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པས་དགོས་མཁོ་ཅུང་ལེགས་སུ་ཕྱིན་ཡོད་པ་རེད།

ཟླ་དང་པོ་ནས་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས0.9%ཆག་ཡོད་པ་རེད། ལས་རིགས་གཙོ་བོའི་ཁྲོད་རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་གཞན་དག་བཅས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་ཚད་དུས་མཚུངས་ལས17.6%འཕར་བ་དང་། གློག་ཤུགས་དང་ཚ་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས7.2%འཕར་བ། མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས2.0%འཕར་བ། ལྕགས་རིགས་ནག་པོ་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས་བརྒྱ་ཆ་6.2འཕར་བ་དང་། མདོག་ལྡན་ལྕགས་རིགས་གཏེར་ཁ་སྔོག་འདོན་འདེམས་སྒྲུག་ལས་རིགས9.1%འཕར་བ། ལྕགས་རིགས་ནག་པོ་གཏེར་ཁ་སྔོག་འདོན་འདེམས་སྒྲུག་ལས་རིགས17.4%འཕར་བ། ཨ་རག་དང་བཏུང་བྱ། ཇ་སྤུས་དག་བཟོ་སྐྲུན་ལས་རིགས33.5%འཕར་བ། ཞིང་ལས་དང་ཞོར་ཟས་ལས་སྣོན་ལས་རིགས25.5%འཕར་བ། ཐོན་རྫས་གཙོ་བོའི་ཁྲོད་ལིན་སྐྱུར་ལྕགས་ལིས་ཀྱི་ཐོན་ཚད61.1%འཕར་བ་དང་། ངར་ལྕགས་རྒྱུ་ཆ77.0%འཕར་བ། ལྕགས་བསྲེས་ལྕགས3.9%འཕར་བ། བདར་རྐྱང་སྭེལ43.6%འཕར་བ། བདར་མང་སྭེལ30.9%འཕར་བ། ཕྲུན་ཀ་པ་སྤུས་ལེགས་བརྒྱ་ཆ9.8འཕར་བ། ཅ་ལུད(དངོས་པོའི་ཚད)0.9%འཕར་བ། ཐཱན་སྐྱུར་ལིས39.6%འཕར་བ། ནུས་རྒྱུ་གཙང་མའི་གློག་འདོན་ཚད19.4%འཕར་བ།(དེའི་ནང་ཆུ་ཤུགས་གློག་འདོན་ཚད31.5%འཕར་བ། ཉི་ནུས་གློག་འདོན་ཚད་19.0%འཕར་བ)བཅས་རེད།

དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་འདེགས་སྐྱོར་བརྟན་པོ་ཡོད་པ་དང་ཟླ7པའི་ཟླ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་དངུལ་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་དུས་མཚུངས་ལས5.7%འཕར་བ་དང་དངུལ་བུན་གྱི་ལྷག་གྲངས་དུས་མཚུངས་ལས5.8%འཕར་ཡོད་པ་རེད། དངོས་ཟོག་སྐྱེལ་འདྲེན་རིམ་བཞིན་ལེགས་སུ་ཕྱིན་པ་དང་འགྲུལ་སྐྱེལ་འཕར་ཚད་རྒྱུན་འཁྱོངས་ཐུབ་ནས་ཟླ་དང་པོ་ནས་བདུན་པའི་བར་ཞིང་ཆེན་དེ་ཡོངས་ཀྱི་ལྕགས་ལམ་གྱི་འགྲུལ་སྐྱེལ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་དུས་མཚུངས་ལས8.4%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་དྲུག་པའི་བར་ལས་བརྒྱ་ཆའི་གྲངས2.1འཕར་ཡོད་པ་རེད། སྦྲག་སྲིད་དང་གློག་འཕྲིན་ལས་རིགས་ཀྱི་འཕར་ཚད་མཐོ་རུ་ཕྱིན་ནས་ཟླ་དང་པོ་ནས་ཟླ་དྲུག་པའི་བར་ཞིང་ཆེན་དེ་ཡོངས་ཀྱི་སྦྲག་སྲིད་སྦྲག་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས9.2%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་ཟླ་ལྔ་པ་བར་ལས་བརྒྱ་ཆའི་གྲངས0.2འཕར་བ་དེའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར21.1%འཕར་ཡོད་པ་རེད། གློག་འཕྲིན་ལས་སྒོའི་གྲངས་འབོར19.4%འཕར་བ་དང་འཕར་ཚད་དེ་ཟླ་དང་པོ་ནས་ཟླ་ལྔ་པའི་བར་ལས་བརྒྱ་ཆའི་གྲངས0.4འཕར་ཡོད།

ཟླ་དང་པོ་ནས་བདུན་པའི་བར་བཟོ་ལས་མ་འཇོག་གི་འདེགས་སྐྱོར་རྒྱུན་མཐུད་ནུས་ལྡན་བྱུང་ནས་དུས་མཚུངས་ལས10.7%འཕར་ཡོད། དེའི་ནང་གཏེར་འདོན་ལས་རིགས་ཀྱི་མ་འཇོག3.2%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་མ་འཇོག12.4%འཕར་བ། གློག་ཤུགས་དང་། ཚ་ཤུགས། འབར་རླངས། ཆུ་བཅས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་མ་འཇོག10.9%འཕར་ཡོད། གཙོ་གནད་ལས་རིགས་ཁྲོད་མདོག་ལྡན་ལྕགས་རིགས་བཙོ་སྦྱང་དང་གནོན་སྲིང་ལས་སྣོན་ལས་རིགས་ལ་མ་དངུལ་འཇོག་གྲངས་ལྡབ3.6འཕར་བ་དང་། རྡོ་སོལ་སྔོག་འདོན་དང་འཁྲུད་འདེམས་ལས་རིགས་ལ་མ་དངུལ་འཇོག་གྲངས་ལྡབ2.9འཕར་བ། རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས་ལ་མ་དངུལ་འཇོག་གྲངས9.0%འཕར་བ། རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་གཞན་དག་བཅས་ཀྱི་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས4.1%འཕར་བ། ལག་རྩལ་མཐོ་བའི་ཞབས་ཞུའི་ལས་རིགས་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི3.9འཕར་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི2.3འཕར་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་མ་དངུལ་འཇོག་གྲངས་བརྒྱ་ཆའི9.0འཕར་ཡོད་པ་བཅས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号