མཚོ་སྔོན་ཞིང་ཆེན་གྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་སྤེལ་བ།

ཟླ8པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཟི་ལིང་གྲོང་ཁྱེར་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་བྱས་ཏེ། ཟི་ལིང་གྲོང་ཁྱེར་ཀྱི་དཀྱིལ་སྙིང་ཐང་ཆེན་ནས་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་གྱི་བྱ་འགུལ་གཙོ་བོ་དང་མགོ་རྩོམ་མཛད་སྒོ་སྤེལ་ཞིང་། ཟས་རིགས་བདེ་འཇགས་ཆེད་མཁས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་གདན་ཞུ་ལས་བསྐོ་མཛད་སྒོ་དང་། ཆེད་མཁས་པས་བརྗོད་དོན་གཏམ་བཤད་སྤེལ་བ། སློབ་རའི་ཟས་རིགས་བདེ་འཇགས་ཡོང་བར་མཉམ་དུ་དམ་བཅའ་འཇོག་པ། གནད་དོན་ཡོད་སར་ཞིབ་བཤེར་བྱེད་པ་ཞེས་པའི་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དང་། བཟའ་བཏུང་དང་ཕྱི་ནས་ཟ་མ་སྐྱེལ་བའི་རིགས་ཀྱི་ཁེ་ལས་ཀྱི་འཐུས་ཚབ་པར་ཟས་རིགས་བདེ་འཇགས་ཀྱི་སྒོ་བྱང་སྟེར་བ། མང་ཚོགས་ལ་ཟས་རིགས་བདེ་འཇགས་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་དྲི་བ་དྲིས་ལན་འདེབས་པ་སོགས་ཀྱི་བྱ་འགུལ་མང་པོ་སྤེལ། ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ཞིང་ཆེན་གྱི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་། ཟི་ལིང་གྲོང་ཁྱེར་གྱི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷནཁང་གི་ཁོངས་གཏོགས་ལས་ཁུངས། ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་ཀྱི་འཐུས་ཚབ་པ་སོགས་བྱ་འགུལ་ལ་ཞུགས་པར་མ་ཟད། བྱ་འགུལ་གྱི་ཡུལ་དངོས་སུ་འགྲེམ་སྟོན་སྟེགས་བུ་བསྐྲུན་ནས་ཟས་རིགས་བདེ་འཇགས་གྲུབ་འབྲས་འགྲེམ་སྟོན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྤྱི་བདེ། སློབ་གསོ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཁག་གིས་ལྟ་སྐུལ་དོ་དམ་ལས་འགན་དང་དྲིལ་སྒྲོག་བརྗོད་དོན་ལ་ཟུང་འབྲེལ་བྱས་ཏེ། ཡིད་རྟོན་གྲོན་ཆུང་གི་ཟས་རིགས་བདེ་འཇགས་འདུ་ཤེས་འབུར་དུ་ཐོན་པར་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་བརྗོད་དོན་ཉིན་མོའི་དྲིལ་སྒྲོག་བྱ་འགུལ་སྤེལ། བརྗོད་དོན་གཅིག་ལ་དམིགས་ཤིང་། ཉིན་གཅིག་ལ་སྡེ་ཁག་གཅིག་གིས་དོ་དམ་བྱེད་པའི་བྱེད་ཐབས་ལྟར། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་ཐོན་སྐྱེད་ཁེ་ལས་སྒོ་འབྱེད་ཉིན་མོ་དང་ཚོད་ལྟ་ཁང་གི་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ་བ་དང་། མང་ཚོགས་དང་སྨྱན་བྱད་རྩ་འཛུགས་བྱས་ནས་ཟས་རིགས་ཐོན་སྐྱེད་ཁེ་ལས་དང་ཟས་རིགས་ཞིབ་བཤེར་ཚད་ལེན་ལྟེ་གནས་སུ་སོང་སྟེ། ཡུལ་དངོས་ནས་ཟས་རིགས་ཐོན་སྐྱེད་དང་ཞིབ་དཔྱད་ཚད་ལེན་བརྒྱུད་རིམ་ལ་བལྟས་པ་དང་། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ལས་རིམ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཐད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་། ཞིང་ཆེན་སྤྱི་བདེ་ཐིན་གྱིས་དཔེ་མཚོན་གྱོད་གཞི་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཉེ་བའི་ལོ་འགའི་རིང་གི་ཞིང་ཆེན་ཡོངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ཚབས་ཆེན་གཏོང་བའི་ཟས་རིགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་དཔེ་མཚོན་གྱོད་གཞི་དྲིལ་སྒྲོག་བྱས་པ་བརྒྱུད་དེ། ཟས་རིགས་བདེ་འཇགས་ཐད་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྤེལ་བར་འཇིགས་སྣང་སྐུལ། ཞིང་ཆེན་སློབ་གསོ་ཐིན་གྱིས་ཟས་རིགས་བདེ་འཇགས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་བ་དང་། སློབ་མ་དང་ཁྱིམ་བདག དགེ་བཟོ་བ་སོགས་ལ་ཟས་རིགས་བདེ་འཇགས་སློབ་གསོ་དྲིལ་སྒྲོག་བྱས་ཤིང་། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་བྱས་ཏེ་སློབ་མའི་བདེ་ཐང་ལ་ཁག་ཐེག་བྱས་པ་བརྒྱུད། ཕྱོགས་ཡོངས་ནས་སློབ་རའི་ཟས་རིགས་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་བཏང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟས་རིགས་བདེ་འཇགས་ཉེན་ཁའི་ཚད་ལེན་ཤེས་བྱའི་སྐོར་དྲ་ཐོག་ནས་དྲི་བ་དྲིས་ལན་འདེབས་པ་སོགས་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱ་འགུལ་སྤེལ་བ་དང་། ཟས་རིགས་བདེ་འཇགས་དང་འཚོ་བཅུད་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་བཏང་ཞིང་། བཟའ་བཏུང་ལུགས་མཐུན་སྒོས་སྤྱོད་པ་དར་སྤེལ་བཏང་སྟེ། སྤྱི་དམངས་ཀྱི་ཟས་རིགས་བདེ་འཇགས་དང་བདེ་ཐང་གི་ཆུ་ཚད་མཐོར་འདེགས་བཏང་། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号