གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་ཞིབ་ཀྱི་བྱེད་སྒོ་སྤེལ་བ།

ཉེ་ཆར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་18སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁུལ་དང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། པ་སྣམ་རྫོང་། རྒྱལ་རྩེ་རྫོང་། གྲོ་མོ་རྫོང་བཅས་སྔོན་ཚུད་ལག་བསྟར་དཔེ་སྟོན་ཁུལ་6ལ་བསྐྱོད་དེ་དུས་ཡུན་ཉིན་5ཡི“འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་འབུལ། ལས་བྱེད་རྒན་གྲས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ”ཞེས་པའི་ཆེད་དོན་བརྟག་ཞིབ་བྱེད་སྒོ་སྤེལ་ཏེ་དུས་རབས་གསར་པའི་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་སུ་མྱོང་ལེན་བྱས་པ་རེད།

བརྟག་ཞིབ་བྱེད་སྒོའི་ནང་ས་ཡུལ་དངོས་སུ་ལྟ་སྦྱོང་དང་། བཅར་འདྲི་བརྟག་དཔྱད། བཞུགས་མོལ་སྤེལ་རེས། དཔེ་མཚོན་ལྟ་སྐོར། སྙན་ཞུ་ཉན་པ་སོགས་བྱས་ནས་ལས་བྱེད་པ་རྒན་གྲས་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་ལ་མཉམ་དུ་ཕྱིར་དྲན་བྱས་པ་དང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་འགོ་ཁྲིད་འོག་གཞིས་རྩེའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མཉམ་དུ་དཔང་པོ་བྱས་ཤིང་། ལས་བྱེད་པ་རྒན་གྲས་ཚོས་བདེ་སྐྱིད་སྒོ་ར་དང་། “སེ་འབྲུའི་རྡོག་ལྟར”གྱི་གསར་བརྗེའི་ས་ཚིགས། རྟེན་མཛོད་ཁང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས། གྲོང་ཁྱེར་ཚོམས་ཆེན། སྲིད་གཙང་སློབ་གསོའི་རྟེན་གཞི། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། གནོད་མེད་སྔོ་ཚལ་ཀུང་སི། མཐའ་མཚམས་གྲོང་སྡེ་སོགས་སུ་ལྟ་སྐོར་བྱས་པ་དང་སྦྲགས་བགྲོ་གླེང་ཡང་བྱས་པ་རེད།

ལས་བྱེད་པ་རྒན་གྲས་ཚོས། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་དུས་རབས་གསར་པའི་གཞིས་རྩེའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་དམངས་འཚོའི་དོན་དངོས་དོན་འཁྱོལ་སོགས་ལ་བྱུང་བའི་འགྱུར་ལྡོག་གསར་པ་དང་། འཕེལ་རྒྱས་གསར་པ། གྲུབ་འབྲས་གསར་པ་བཅས་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་ཏང་ཀྲི་པུའི་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་བློ་མཐུན་བསོད་ནམས་ཀྱིས། “སྔོན་ཆད་གཞི་རིམ་དུ་རྟ་བཞོན་ནས་འགྲོ་དགོས་པ་ནས་ད་ཆ་རླངས་འཁོར་ནང་སྐྱོད་ཆོག་པའི་བར་དང་། མང་ཚོགས་ཀྱི་སོ་ཕག་ཁང་པ་ད་ཆ་ཨར་འདམ་ལྕགས་རྩིབས་ལ་འགྱུར་བ་སོགས་འགྱུར་ལྡོག་དེ་ལྟར་བྱུང་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། ད་རེས་ཀྱི་བརྟག་ཞིབ་བྱེད་སྒོ་ལས་ང་ཚོས་དེང་གི་གཞིས་རྩེར་འཕེལ་རྒྱས་མྱུར་པོ་བྱུང་ཚུལ་དངོས་སུ་མྱོང་ཚོར་ཐུབ་བྱུང་། འབྱུང་འགྱུར་འཕེལ་རྒྱས་དེ་བས་ལེགས་པ་ཡོང་ངེས་དང་མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号