རྒྱལ་སྟོན་དུས་ཆེན་སྐབས་སུ། དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཅིང་། དུས་ཆེན་གྱི་འཛད་སྤྱོད་ཁོར་ཡུག་ལེགས་པོ་བསྐྲུན་ཆེད། ཞིང་ཆེན་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡོམ་ངོ་རྒོལ་ཅུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ་དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་ལྟ་སྐུལ་དོ་དམ་ནུས་པར་ཤུགས་བསྣན་པ་དང་། དམངས་ཚིས་ཚོང་ཟོག་གི་རིན་གོང་སྒྲིག་སྲོལ་གཏན་འཇགས་ཡོང་བར་སྲུང་སྐྱོབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རིན་གོང་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡོམ་ངོ་རྒོལ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་གཞུང་སྒྲུབ་ཁང་གིས2024ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་ལྟ་སྐུལ་དོ་དམ་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ནས། རིམ་པ་སོ་སོའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚད་མཐོན་པོས་མཐོང་ཆེན་བྱེད་པ་དང་། དུས་ཆེན་སྐབས་ཀྱི་ཁྲོམ་རའི་རིན་གོང་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་བྱེད་ཅིང་། རིན་གོང་ཁྱབ་ཁོངས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ལེགས་པོ་བྱེད་ལ། སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། འབྲེལ་ཡོད་སྡེ་ཁག་ལ་རོགས་འདེགས་བྱས་ནས་དམངས་ཚིས་ཚོང་ཟོག་གཙོ་བོ་དང་ཞབས་ཞུ་འདོན་སྤྲོད་དང་རིན་གོང་གཏན་འཇགས་ཡོང་བར་བྱེད་པ་དང་། ལུགས་མཐུན་སྒོས་སྔོན་དཔག་ལ་ཁྲིད་སྟོན་བྱས་ཏེ། ཁྲོམ་རའི་རིན་གོང་སྒྲིག་སྲོལ་གཏན་འཇགས་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་འབྲུ་སྣུམ་སྤྱོད་པའི་ཆེད་དུ། ཞིང་ཆེན་འབྲུ་རིགས་ཅུའུ་དང་མཉམ་འབྲེལ་བྱས་ནས་དུས་ཆེན་སྐབས་ཀྱི་འབྲུ་སྣུམ་ཁྲོམ་རའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས། སྔ་ཕྱིར་མཚོ་བོད་མཐོ་སྒང་གི་ཞིང་ཟུར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་དང་ཟི་ལིང་འབྲུ་སྣུམ་སྡེབ་འཚོང་ཁྲོམ་རའི་ཚད་ཡོད་ཀུང་ཟི་སོགས་ཚོང་གཉེར་བྱེད་ས་བཞི་ལ་སོང་ཞིང་། བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་ཞིབ་བཤེར་སོགས་ཀྱི་རྣམ་པ་བརྒྱུད་དེ་དུས་ཆེན་སྐབས་ཀྱི་འབྲུ་སྣུམ་ཁྲོམ་རའི་རིན་གོང་གནས་ཚུལ་རྒྱུས་ལོན་བྱས།

རྒྱུས་ལོན་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དུས་ཆེན་སྐབས་ཀྱི་ཁྲོམ་རའི་གནས་ཚུལ་ལ་རྒྱུན་མཐུད་སྒོས་དོ་སྣང་བྱས་ཏེ། དམངས་ཚིས་ཚོང་ཟོག་གི་ཁྲོམ་ར་གཙོ་བོར་ཞིབ་བཤེར་ལྟ་སྐུལ་བྱེད་པར་ཤུགས་བསྣན་པ་དང་།  ཁེ་ལས་ཀྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཤིང་། ཁྲོམ་རའི་རིན་གོང་གཏན་འཇགས་ཡོང་བ་དང་རིམ་ལྡན་འདོན་སྤྲོད་ལ་ཁག་ཐེག་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་ཉིན་རྒྱུན་འཚོ་བའི་དགོས་མཁོ་བསྐངས་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号