དམངས་གླུའི་དབྱངས་སྙན་འགྱུར་ཁུག་གིས། །རྒྱལ་སྟོན་དུས་ཆེན་འཛུམ་གྱིས་བསུས།

2024ལོའི་ཟླ9པའི་ཚེས27ཉིན། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ཏང་ཀྲི་པུའུ་ཡིས་རྫོང་མཁར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་དོན་ལྔ་ལོན་པའིདགའ་སྟོན་རྟེན་འབྲེལ་ལ། དཔའ་རིས་དམངས་གླུ་རྒྱུད་འཛིན་འཁྲབ་སྟོན་བྱེད་སྒོ་གཟབ་རྒྱས་ངང་འཚོགས།

ཀུན་གྱིས་མེས་རྒྱལ་ལ་གཅེས་པའི་བརྩེ་སེམས་རབ་ཏུ་ཕྱུག་པའི་གླུ་དབྱངས་ཏེ་མེས་རྒྱལ་ལ་བསྟོད་པ་ཞེས་པ་མཉམ་དུ་བླངས་ནས་བྱེད་སྒོའི་མགོ་བརྩམས་ཤིང་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་གྱི་ལེགས་སྐྱེས་དབྱངས་སུ་གྱེར། དེའི་རྗེས་རིམ་པ་བཞིན་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དམངས་གླུ་བརྒྱུད་ཁྲིད་བྱེད་སྒོ་སྤེལ། ཐོག་མར་དཔའ་རིས་དམངས་གླུའི་རྫོང་རིམ་པའི་རྒྱུད་འཛིན་འོས་སྦྱོར་མི་སྣའི་ཐོབ་ཐང་ཞིབ་དཔྱད་བྱེད་རྒྱུ་ནི། འོས་སྦྱོར་མི་སྣ་རེ་རེས་རང་ལ་ངོ་སྤྲོད་པ་དང་གཅིག ངག་རྟའི་འགུག་ལུགས་དང་ཚིག་གི་ལྡབ་ཁྱེར་ལ་དཔྱད་པ་དང་གཉིས། ཆེད་མཁས་ཀྱིས་དྲི་བ་བཏོན་ཏེ་ལན་བཏབ་ནས་དེས་དམངས་གླུའི་ཕྱོགས་ཀྱི་ཤེས་བྱ་རྒྱུས་ལོན་ག་འདྲ་ཐོན་ཡོད་པར་ཚོད་དཔོག་པ་བཅས་གསུམ་མོ། 

བརྒྱུད་རིམ་གཉིས་པ་ནི་དམངས་གླུའི་ནང་དོན་ཀྱི་ཆ་ནས་རིགས་མི་འདྲ་བ་ཉི་ཤུ་ལྷག་ཡོད་པས་གནས་ཡུལ་དང་ཁོར་ཡུག་མི་འདྲ་བ་ལས་གླུ་ཚིག་ཀྱང་གང་ལ་གང་བསྟུན་ཞིག་ལེན་རྒྱུ་ནི་བོད་ཀྱི་དམངས་གླུའི་ཐུན་མོང་གི་ལེན་ལུགས་ཡིན་པས། ངེད་ཅག་གིས་ཐེངས་འདིར་རིམ་པ་ལྟར་ལེན་དགོས་རྒྱུ་བཀོད་སྒྲིག་བྱས་ནས་ཀུན་ལ་གོམས་ལོབས་སུ་ཡོང་བར་འབད་པ་བྱས། ཐོག་མར་བསུ་བ་ཞེས་པའི་གླུ་བླངས་ནས་སྐུ་མགྲོན་དགའ་བསུ་བྱེད་པ་དང་། དེ་ནས་མགྲོན་རྒྱལ་པོར་མགྱོགས་འདྲི་ཞུ་བ། གྲལ་ནས་བཞུགས་རྗེས་གླུ་མགོ་འབྱེད་པའི་གླུ་ལེན་དགོས་པའི་རྒྱུན་སྲོལ་ལྟར་བརྒྱུད་དེ་གྲལ་བསྟོད། གཡང་ཁྱིམ་བསྟོད་པ། མ་སྲུ་བསྟོད་པ། ཁ་མཚར། དྲི་བ་དྲིས་ལན། དྲིན་ལན། བཀྲ་ཤིས་འཇོག་པ་ལ་སོགས་རིགས་བཅུ་གཅིག་གི་སྐོར་བསྟུད་མར་བླངས་ནས་བྱེད་སྒོ་ལ་ཞུགས་ཡོད་པ་དག་ལ་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་བློ་གྲོས་ཀྱི་ཞུན་ཐིགས་དང་ཤེས་བྱའི་རིན་ཐང་གལ་ཆེན་ལྡན་པའི་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་དྲངས།

ཐེངས་འདིའི་བྱེད་སྒོ་ནི་མེས་རྒྱལ་རླབས་པོ་ཆེ་དབུ་བརྙེས་ནས་ལོ་འཁོར75ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ངག་གི་མཆོད་པ་ཞིག་ཡིན་པ་མ་ཟད། དཔའ་རིས་བོད་རང་སྐྱོང་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་སྐྱོང་དང་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་དྲིལ་གྲགས་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཀྱང་ཡིན་ལ། རྫོང་ཁོངས་སུ་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་མངོན་པར་དོད་ཡོད། དེ་མཚུངས་སུ་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། དཔའ་རིས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ལ་རྒྱུས་ལོན། དེ་ལ་སྲུང་སྐྱོབ་བྱེད་པའི་སེམས་ཤུགས་ཆེར་བསྐྱེད་གཏོང་རྒྱུ་དང་། མི་རིགས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་པར་སྐུལ་འདེད། སྔར་ལས་ལྷག་པར་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་སྤེལ་ལ་མཐུན་རྐྱེན་སྦྱར་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号