གཞིས་རྩེ་ལས་རིཊ་ལག་རྩལ་སློབ་གླིང་གི་འཛུཊ་སྐྲུན་གནས་ཚུལ་གསར་ཤོས།

རྒྱལ་སྟོན་གུང་གསེང་རིང་། གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ཨར་སྐྲུན་ཁུལ་དུ་སླེབས་སྐབས།  དེ་གར་བཟོ་པ་ཚོས་བྲེལ་བ་ཆེན་པོས་ལས་ཀ་བྱེད་བཞིན་ཡོད་པ་དང་། ཨར་སྐྲུན་འཕྲུལ་ཆས་སྣ་ཚོགས་ཀྱི་སྐད་སྒྲ་བར་མེད་དུ་གྲགས་བཞིན་ཡོད།

ད་ལོའི་ཟླ3པར། གཞིས་རྩེ་གྲོང་ཁྱེར་གྱི་ལས་རིགས་ལག་རྩལ་སློབ་གླིང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། དེའི་ཐོག་ནས་གཞིས་རྩེར་མཐོ་རིམ་སློབ་གླིང་དང་པོ་ཡོད་ཉེར་ཡོད་པ་མཚོན་གྱི་ཡོད།

རྣམ་གྲངས་དེར་“ཐེངས་གཅིག་ལ་འཆར་འགོད་བྱེད་པ་དང་། དུས་རིམ་དབྱེ་ནས་ལག་བསྟར་བྱེད་པའི”ཐབས་ཇུས་གཞིར་བཟུང་ནས་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། དུས་ཐེངས་དང་པོར་ཁྱོན་མ་དངུལ་སྒོར་དུང་ཕྱུར14.6བཏང་བ་དང་། ས་བཟུང་རྒྱ་ཁྱོན་མུའུ577.52ཟིན་པ། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ90510.84བཅས་ཟིན་པ་རེད། རྣམ་གྲངས་དེ་བསྐྲུན་ཟིན་རྗེས་སློབ་གྲྭ་ཡོངས་སུ་སློབ་གྲྭར་ཡོད་པའི་སློབ་མ2400ཡི་སློབ་སྦྱོང་དང་འཚོ་བའི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།   2024ལོར་འཆར་གཞི་བྱས་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་3གཏོང་རྩིས་ཡོད་པ་དང་། མིག་སྔར་སྒོར་དུང་ཕྱུར2.94ལེགས་འགྲུབ་ཟིན་པ་དེས་ལོ་འཁོར་ལས་འགན་གྱི་བརྒྱ་ཆ98.1བཟུང་ཡོད།

གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གི་དམིགས་ཚད་དང་པོའི་རྣམ་གྲངས་ཀྱི་འགན་འཁུར་བ་ལུའུ་ཡན་ལུང་གིས་འཛུགས་སྐྲུན་བྱེད་རིང་ང་ཚོས་ཉིན་རེར་སྙན་སེང་ཞུ་བ་དང་། གཟའ་འཁོར་རེར་བཀོད་གཏོང་བྱེད་པ།  ཟླ་བ་རེར་བརྡ་ཁྱབ་གཏོང་བའི་རྣམ་གྲངས་སྐུད་འདེད་གཏོང་བའི་ལམ་སྲོལ་ལག་བསྟར་བྱས་ཏེ། ཆེད་དོན་ཚན་པས་ས་གནས་ས་ཐོག་ཏུ་རྗེས་སྙེག་བྱེད་པ་དང་། རྣམ་གྲངས་འགོ་འཛིན་གྱིས་གསལ་ཐོ་ཅན་གྱི་བཀོད་གཏོང་བྱེད་པ་སོགས་བྱེད་ཐབས་བརྒྱུད། སྤུས་ཚད་བདེ་འཇགས་ཐད་འགན་སྲུང་ནན་པོ་བྱེད་བཞིན་ཡོད། ད་ལྟ་ཐོག་ཁང14ཡི་མཛེས་བཟོའི་དུས་མཚམས་སུ་སླེབས་ཡོད། འཆར་གཞི་ལྟར་ཟླ11པའི་ཟླ་མཇུག་ཏུ། ཐོག་ཁང14ཡི་གྱང་ཕྱི་ནང་གི་ཨར་འདམ་བྱུག་པ་དང་། ཧ་ཡང་ལྕགས་བསྲེས་མའི་སྒོ་དང་སྒེའུ་ཁུང་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་ལས་ཀ་བསྒྲུབས་ཚར་བ་བྱ་རྒྱུ་ཡིན་ཞེས་བཤད་འདུག 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号