སྐྱེ་ཁམས་སྡོད་ལ་འཚམ་པའི་གཙང་གསུམ་འབྱུང་ཡུལ་གྱི་འཆམ་མཐུན་རྣམ་པ།

ཉེ་བའི་ལོ་འགའི་རིང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས“ལྗང་མདོག་ལ་བརྟེན་ནས་དྲིན་ཚོར་བ་དང་། སྐྱེ་ཁམས་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི”འདུ་ཤེས་རྒྱུན་འཛིན་བྱས་ཏེ། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁུལ་དུ་ཡུས་ཧྲུའུ་གྲོང་ཁྱེར་འབའ་ཐང་གཙང་པོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་བསྐྲུན་པ་དང་འབྲེལ་གྲོང་ཁུལ་ནང་གི་སྤྱི་གླིང་བཞི་འབའ་ཐང་གཙང་པོའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལུགས་མཐུན་བེད་སྤྱོད་ས་ཁོངས་སུ་བཅུག་སྟེ། བསྒྱུར་བཀོད་རིམ་སྤོར་བྱས་ནས་ཆུ་མགོ་གསོ་སྐྱོང་དང་། ཆུ་ལོག་དང་ཐན་པ་སྔོན་འགོག ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་ཕྱོགས་ནས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

འདི་ནི་རི་ཚོགས་ཀྱིས་ཡོངས་སུ་སྐོར་བའི་སྐྱེ་ཁམས་སྡོད་ལ་འཚམ་པའི་ཡུས་ཧྲུའུ་གྲོང་ཁྱེར་ཡིན།

འདི་ནི་ཁྲུང་ཁྲུང་སྐེ་ནག་རྩྭ་ཐང་དུ་འཚོ་སྡོད་བྱེད་བཞིན་པའི་ཚུལ་ཡིན།

འདི་ནི་བྱིས་པ་རྣམས་ཀྱི་གདོང་དུ་བདེ་སྐྱིད་ཀྱི་འཛུམ་མདངས་ཁེངས་བའི་ཚུལ་ཡིན།

འདི་ནི་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ལ་གྲོང་མིའི་དགའ་བསུ་ཆེན་པོ་ཐོབ་པའི་ཚུལ་ཡིན།

འདི་ནི་སློབ་མ་རྣམས་ཀྱིས་སྤྲོ་སྐྱིད་ངང་རོལ་རྩེད་བྱེད་བཞིན་པའི་ཚུལ་ཡིན།

འདི་ནི་ས་གནས་མང་ཚོགས་ཀྱིས་ཁོར་ཡུག་གཙང་སྤྲ་བྱེད་བཞིན་པའི་ཚུལ་རེད།

འདི་ནི་སེམས་གཏད་དེ་རོང་པོ་ཐང་ལ་སྲུང་སྐྱོང་བྱེད་པའི་ཚུལ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号