ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གསར་དུ་བཏོད་པ།

ཁྱིམ་ཚང་མགྲོན་ཁང་དང་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་ནི་གྲོང་གསེབ་ཡུལ་སྐོར་གྱི་ལས་རྣམ་གཙོ་བོ་ཡིན། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་དང་ཡུལ་སྐོར་དམིགས་ས་གཏོད་པ་དམིགས་ཡུལ་གཙོ་བོར་བཟུང་ནས། སྣ་མང་ཅན་གྱི་རྒྱབ་སྐྱོར་དང་ཚད་ལྡན་ཅན་གྱི་ཞབས་ཞུ། མིང་རྟགས་ཅན་གྱི་འཕེལ་རྒྱས་འཚོལ་ཞིབ་ཀྱིས་ཁྱིམ་ཚང་མགྲོན་ཁང་དང་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་འཛུགས་སྐྲུན་དང་དོ་དམ་བདག་གཉེར་གང་ལེགས་བྱས་ནས་ཡུལ་སྐོར་པ་ཚོར་ཐུན་མོང་མ་ཡིན་པའི་སྡོད་ཁང་ཉོང་ཚོར་བསྐྲུན་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་བ་སྣེ་ཁྲིད་བྱས། ཟླ1པོ་ནས་ཟླ8པའི་བར་ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་བསྡོམས་པས་ཡུལ་སྐོར་པ་མི་ཐེངས་ཁྲི1.89སྣེ་ལེན་བྱས་ནས་སྤྱིའི་ཡོང་འབབ་སྒོར་ཁྲི8074.34ཟིན།

གསར་སྐྲུན་དཔེ་དབྱིབས་རང་འགུལ་བསམ་འཆར་བཏོན་པ། ཆ་རྐྱེན་ཡངས་སུ་གཏོང་བ་དང་འགྲོ་ལུགས་བསྒྲུབ་སླ་བར་བཏང་ནས“ཁེ་ལས་ཀྱིས་རོགས་སྐྱོར+མཉམ་ལས་འཁོར་བསྐྱོད+ཞིང་དུད་ནང་ཞུགས”དཔེ་དབྱིབས་གསར་དུ་བསྐྲུན་ནས་ཞིང་འབྲོག་མང་ཚོགས་ཀྱིས་བསམ་བློ་འདུ་ཤེས་བསྒྱུར་བཅུག་སྟེ་ས་ཞིང་དང་ཞིང་ཁྱིམ། ཁོར་ཡུག་སོགས་ཀྱི་ཐོན་ཁུངས་འཕེལ་རྒྱས་མ་དངུལ་བྱེད་པར་སྣེ་ཁྲིད་ཀྱིས་ཁེ་ལས་དང་རྣམ་ཁ་མང་པོའི་མཉམ་ལས་བྱེད་པ་དང་། ཁྱིམ་ཚང་ཚང་མས་ཁྱིམ་ཚང་མགྲོན་ཁང་དང་ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གཉེར་བའི་ལས་དོན་རྣམ་པ་ཆགས་དགོས། དངུལ་བསྲེ་རོགས་སྐྱོར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་དང་ཁེ་ལས། དངུལ་ཁང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་བསམ་འཆར་བཏོན་ནས་ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་དང་སྦྲེལ་མཐུད་ཀྱིས་ཡུལ་སྐོར་ཁེ་ལས་བདག་གཉེར་བྱེད་མཁན་གྱི་མ་དངུལ་ཐད་དཀས་ངལ་ལྡན་པའི་རིགས་ལ་རོགས་རམ་བྱས་ནས། G318འགྲམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ལ“318·བདེ་སྐྱོད་ཡུལ་སྐོར་དངུལ་བུན”ཡིད་རྟོན་དངུལ་བུན་ཐོན་རྫས་བཏང་བས་བསྡོམས་པས་ཁྱིམ་ཚང247ཞིང་འབྲོག་མང་ཚོགས་ལ་སྒོར་ཁྲི7417གྱི་དངུལ་བུན་བཏང་ཞིང་། ཆ་རྐྱེན་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། རིག་གནས་ཡུལ་སྐོར་དང་གྲོང་གསེབ་དར་སྤེལ། མཐའ་དར་དམངས་ཕྱུག་མཉམ་འབྲེལ་འཕེལ་རྒྱས་ཐད་རམ་འདེགས་བྱེད་པར་སྐུལ་འདེད་བྱས། ཡོང་འབབ་འཕར་བའི་ཐད་བསམ་འཆར་བཏོན་པ། ཁྱིམ་ཚང་མགྲོན་ཁང་འཛུགས་སྐྲུན་བྱེད་པར་བེད་སྤྱོད་གང་ལེགས་བྱས་ནས་ས་གནས་མང་ཚོགས་ལས་ཞུགས་ཐུབ་པར་སྐུལ་འདེད་དང་། ས་གནས་ཟ་ཁང་དང་འགྲིམ་འགྲུལ། ཞིང་ལས་ཐོན་རྫས། ལག་བཟོ་ཐོན་རྫས་སོགས་གྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གྱི་གོ་སྐབས་དམ་འཛིན་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱིས་མ་དངུལ་གཏོང་བ་དང་སྐར་རིམ་འཕར་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་དང་། ཡུལ་སྐོར་པ་སྔར་ལས་མང་བ་བསུ་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས། མིག་སྔའི་བར་དུ་ཉིང་ཁྲི་གྲོང་ཁྱེར་བཟོ་ཚོང་ཐོ་འགོད་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་བསྡོམས་པས904(སྐར་རིམ་ཞིང་འབྲོག་མང་ཚོགས་ཁྱིམ་ཚང་མགྲོན་ཁང192ཚུད)དུས་མཉམ་ལས39.5%ཡིས་འཕར་ཞིང་། འགྲུལ་བའི་ཁང་བ9587། མལ་ཁྲི18535ཟིན་ནས་ལོའི་སྣེ་ལེན་ཚད་མི་ཐེངས་ཁྲི667ཟིན་པ་རེད།

སྔོན་ན་ཚོད་ལྟའི་གནས་ཚུགས་པ་དང་རྗེས་སུ་ཁྱབ་གདལ་གཏོང་བ། 《ཉིང་ཁྲི་གྲོང་ཁྱེར་ཁྱིམ་ཚང་མགྲོན་ཁང་དོ་དམ་ཐབས་ལམ(ཚོད་ལྟ)》བཏོན་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བའི་རྨང་གཞིའི་བླང་བྱ་དང་འབྲེལ་ཡོད་སྡེ་ཚན་སོ་སོའི་ལྟ་ཞིབ་དོ་དམ་མཛུབ་སྟོན་འགན་ཁུར་སོགས་གཏན་འབེབས་བྱས་ནས། ཁྱིམ་ཚང་མགྲོན་ཁང་བདག་གཉེར་དང་ཞབས་ཞུའི་ཚད་ལྡན་ཅན་དུ་བཏང་ནས་ཡུལ་སྐོར་པ་དང་བདག་གཉེར་པའི་ཁྲིམས་མཐུན་ཁེ་དབང་སྲུང་བ་མ་ཟད། རྫོང་དང་གྲོང་ཁྱེར། ཆུས་སོ་སོའི་གྲོང་རྡལ་གྱི་ཚོད་ལྟའི་གནས་ཀྱི་མིང་བྱང་བཟོས་པས་ཟླ9བའི་ཚེས1ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་གྲོང་རྡལ9ཡི་ཁྱིམ་ཚང་མགྲོན་ཁང275བདག་གཉེར་ཚོད་ལྟ་མགོ་བརྩམས་པ་རེད། ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་རོགས་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི1000བཏང་ནས་རིགས་བཀར་ནས་འཁོར་བསྐྱོད་དགའ་རྟགས་དང་སྐར་རིམ་དགའ་རྟགས། ཚོང་གཉེར་དཔྱད་དཔག་དགའ་རྟགས་ཕྱོགས་ཀྱི་རོགས་སྐྱོར་དགའ་རྟགས་སྲིད་ཇུས་བཏོན། ས་གནས་ཞིང་འབྲོག་མང་ཚོགས་ཀྱིས་ཁྱིམ་ཚང་མགྲོན་ཁང་བདག་གཉེར་དང་ཞབས་ཞུ་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བྱས། ཆེད་དོན་གསོ་སྦྱོང་གིས་ཆེད་ལས་ཅན་གྱི་དོ་དམ་མངོན་འགྱུར་བྱུང་། “2024ལོའི་ཉིང་ཁྲི་གྲོང་ཁྱེར་སྐར་རིམ་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་ལས་དོན་མི་སྣའི་ཆུ་ཚད་མཐོར་གཏོང་གསོ་སྦྱོང་འཛིན་གྲྭ”བཙུགས། གཞན་ཡང་ཀོང་ཏུང་མགྲོན་ཁང་དང་ཁྱིམ་ཚང་མགྲོན་ཁང་བདག་གཉེར་དོ་དམ་ཕྱོགས་ཀྱི་ཆེད་མཁས་མི་སྣ་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་སློབ་ཁྲིད་བྱས་པ་དང་། གསོ་སྦྱོང་ནང་ཞུགས་མཁན་ཀླུ་ནང་ཆུས་དོ་དམ་ཨུ་ལྷན་དང་རྫོང་དང་གྲོང་ཁྱེར། ཆུས་སོ་སོའི་སྐར་རིམ་མགྲོན་ཁང་། ཁྱིམ་ཚང་མགྲོན་ཁང་གི་ལས་དོན་མི་སྣ65ཡོད་པས། ནུས་ལྡན་ངང་ཡུལ་སྐོར་ལས་དོན་གཉེར་མཁན་གྱི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་ཆུ་ཚད་མཐོ་རུ་བཏང་། དེ་དང་ཆབས་ཅིག་ཏུ་ཡུལ་སྐོར་ལ་རྒྱུས་ལོན་ཡོད་པ་དང་དོ་དམ་ཤེས་པ། ཞབས་ཞུ་ཤེས་པའི་གྲོང་གསེབ་ཡུལ་སྐོར་ཆེད་མཁས་མི་སྣའི་རུ་ཁག་ཅིག་གསོ་སྐྱོང་བྱས་པས་ཕྱོགས་ཡོངས་ནས་ཁྱིམ་ཚང་མགྲོན་ཁང་ཞབས་ཞུ་མི་སྣའི་གསོ་སྦྱོང་དང་མགྲོན་ཁང་ཞབས་ཞུའི་ལས་རིགས་ནུས་རྩལ་གསོ་སྦྱོང་། གྲོང་གསེབ་ཡུལ་སྐོར་སྣེ་ཁྲིད་ཆེད་དོན་གསོ་སྦྱོང་སོགས་སྤེལ་བས། ཞིང་འབྲོག་མང་ཚོགས་མི་ཐེངས1200གསོ་སྦྱོང་ནང་ཞུགས་ནས་གྲོང་གསེབ་ཡུལ་སྐོར་གྱི་སྤྱི་ཆའི་ཞབས་ཞུ་སྤུས་ཚད་མཐོ་རུ་བཏང་།

ཁྱད་པར་ཅན་གྱི་ཁྱད་ལྡན་མིང་རྟགས་བཏོད་པ། “ཁྱིམ་ཚང་མགྲོན་ཁང+རང་བྱུང་མཛེས་ལྗོངས”ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་ཡར་ཀླུང་གཙང་འགྲམ་དུ་འཛུགས་སྐྲུན་བྱས་པ་དང་། “ཁྱིམ་ཚང་མགྲོན་ཁང+ཁྱད་ལྡན་རིག་གནས”ལ་བརྟེན་ནས་གཏིང་ཟབ་ཀྱིས་ས་གནས་ལོ་རྒྱུས་རིག་གནས་དང་དམངས་སྲོལ་གོམས་གཤིས་སྔོག་འདོན་བྱས་ནས་བོད་རིགས་དང་ལྷོ་ཁ་རིགས་སོགས་ཀྱི་གྲངས་ཉུང་མི་རིགས་དང་རིག་གནས་དང་མཉམ་འདྲེས་བྱས་ནས། ཡུལ་སྐོར་པ་ཚོ་ཕུན་སུམ་ཚོགས་པའི་མི་རིགས་གོམས་སྲོལ་རོལ་མྱོང་བྱེད་དུ་བཅུག “ཁྱིམ་ཚང་མགྲོན་ཁང+སྐྱེ་ཁམས་ཁོར་སྲུང”ལ་བརྟེན་ནས་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་དང་ནུས་ཁུངས་གྲོན་ཆུང་སྒྲིག་ཆས་བརྒྱུད་དེ་ཡུལ་སྐོར་པ་ཚོར་བདེ་ཐང་དང་བདེ་སྐྱིད་ཀྱི་སྡོད་ཁང་ཁོར་ཡུག་བསྐྲུན། སྤོ་མེས་རྫོང་ཡུན་ཧྲན་སྡོད་དམངས་རྒྱལ་ལམ318འགྲམ་རྒྱུད་དུ་གནས་པས་ཡོན་ཧྲན་ནགས་གསོམ་ལྗོངས་ཁུལ་དང་ཉེ་ཞིང་རང་བྱུང་ཡུལ་ལྗོངས་མཛེས་པས་ཡུལ་སྐོར་པའི་དགའ་བསུ་ཐོབ་བཞིན་ཡོད། དེ་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་ཁ་རིམ་པའི་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གི་མིང་བྱང་ནང་བཞག་པའི་མགྲོན་ཁང་ཁོ་ན་ཡིན། དེས་ཁྲོམ་ཆ་ཅན་གྱི་མིང་རྟགས་བཏོད་དང་བཏོད་བཞིན་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号