ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག༼ ཁག་བཅུ་གཅིག་པ།༽ 

ལེ་ཚན་གཉིས་པ། ཞིབ་གསལ་དོན་ཚན།

ལེའུ་དྲུག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་ཕྱོགས་སྐོར།

དོན་ཚན་ཞེ་དགུ་པ། རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཏང་ཀྲུང་དབྱང་དང་གཅིག་མཐུན་མིན་པར་མ་ཟད། དངོས་འབྲེལ་གྱི་གཏམ་བརྗོད་དང་བྱ་སྤྱོད་ཡོད་པ་དང་ཡང་ན་མཇུག་འབྲས་མི་ལེགས་པ་བཟོས་རིགས་ལ། ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ལྔ་བཅུ་པ། དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན། ཚགས་དེབ། འགྲེམ་ཡིག དཔེ་དེབ་སོགས་དང་། ཡང་ན་འཆད་ཁྲིད་དང་། གླེང་སྟེགས། སྙན་ཞུའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་སྤྱོད་པའི་བྱེད་ཐབས་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་། གཞི་རྩའི་རྩ་དོན་བཞིར་ངོ་རྒོལ། ཏང་གི་སྒྱུར་བཅོས་སྒོ་འབྱེད་ཀྱི་ཐབས་ཇུས་ལ་ངོ་རྒོལ་བཅས་བྱེད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་སྤེལ་ན། ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

གོང་གསལ་ནང་གསེས་དོན་ཚན་དུ་འཁོད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་ཁྱབ་བསྒྲགས་དང་། བརྒྱུད་གཏོང་། དེབ་འགོད། དཔེ་སྐྲུན་བཅས་བྱས་པའམ་གོང་གསལ་བྱ་སྤྱོད་དེ་དག་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་ཡིན་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།

དོན་ཚན་ང་གཅིག་པ། དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན། ཚགས་དེབ། འགྲེམ་ཡིག དཔེ་དེབ་སོགས་དང་། ཡང་ན་འཆད་ཁྲིད་དང་། གླེང་སྟེགས། སྙན་ཞུའི་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་སྤྱོད་པའི་བྱེད་ཐབས་ལ་བརྟེན་ནས་གཤམ་གསལ་བྱ་སྤྱོད་ལས་རིགས་གཅིག་ཡོད་ཅིང་། ཉེས་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པར་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་སྟེ།

(གཅིག)གཞི་རྩའི་རྩ་དོན་བཞིར་རྒྱབ་འགལ་དང་། ཏང་གི་སྒྱུར་བཅོས་སྒོ་འབྱེད་ཀྱི་ཐབས་ཇུས་ལ་རྒྱབ་འགལ་དང་འཁྱོག་བཤད། ཡང་ན་ཆབ་སྲིད་ཀྱི་གནད་དོན་ཚབས་ཆེན་གཞན་དག་ཡོད་པ་བཅས་ཀྱི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་ཡོངས་བསྒྲགས་ཐོག་སྤེལ་བ།

(གཉིས) ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལ་སྐུར་བ་འདེབས་པ་དང་། ཏང་གི་གཅིག་སྡུད་གཅིག་གྱུར་ལ་གཏོར་བཤིག་གཏོང་བ།

(གསུམ) ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་དམའ་འབེབས་བྱེད་པ་དང་། ཡང་ན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་དཔའ་བོ་དཔེ་བཟང་ཅན་ལ་ངན་སྨྲས་དང་དམའ་འབེབས་བྱེད་པའམ་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། མི་དམངས་དམག་དཔུང་གི་ལོ་རྒྱུས་བཅས་འཁྱོག་བཤད་བྱེད་པ།

གོང་གསལ་ནང་གསེས་དོན་ཚན་དུ་འཁོད་པའི་ནང་དོན་ཁྱབ་བསྒྲགས་དང་། བརྒྱུད་གཏོང་། དེབ་འགོད། དཔེ་སྐྲུན་བཅས་བྱས་པའམ་གོང་གསལ་བྱ་སྤྱོད་དེ་དག་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་ཡིན་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཏང་ནང་གི་གོ་གནས་མེད་པར་བཟོ་བའི་ཆད་པ་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号