【གསར་བརྗེའི་ཉམས་ཞིབ།】རྐང་ཚ་རྫོང་གི2024ལོའི་ལོ་འཁོར་མོའི་ཏང་དོན་ལས་སྒྲུབ་པ་དང་། འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་བརྩོན་ཅན་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས།

ཏང་དོན་ལས་སྒྲུབ་པའི་ཆབ་སྲིད་དང་ལས་སྒོའི་བྱང་ཚད། བྱ་བའི་དངོས་སྒྲུབ་ནུས་པ་བཅས་ཆེ་རུ་གཏོང་པར་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཀྱི་འདུ་ཤེས་དང་ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་པ། ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་པ་བཅས་ཀྱི་ཆེད་དུ་ཟླ6པའི་ཚེས17ཉིན་རྐང་ཚ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པའི2024ལོ་འཁོར་མོའི་ཏང་དོན་ལས་སྒྲུབ་པ་དང་། འཕེལ་རྒྱས་གཏོང་ཡུལ་དང་ཏང་ཞུགས་ཧུར་བརྩོན་ཅན་བཅས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་མགོ་བརྩམས།

མགོ་རྩོམ་མཛད་སྒོའི་སྟེང་ནན་གྱིས་བསྟན་དོན། དུས་རབས་གསར་པའི་གནས་བབ་གསར་པའི་འོག་ཇི་ལྟར་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་ཡག་པོ་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཏང་དོན་ལས་སྒྲུབ་པས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བའི་འདུ་ཤེས་ཟབ་ཏུ་གཏོང་པ། ཏང་དོན་བྱ་བའི་བྱ་ཐབས་ཁོང་དུ་ཆུད་པ་དང་ཏང་གི་བྱ་བའི་ཉམས་མྱོང་བརྗེ་རེས། ཏང་དོན་བྱ་བ་སྒྲིག་འཛུགས་བྱེད་པའི་ལག་ལེན་གྱི་ནུས་པ་ཆེ་རུ་གཏོང་པ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། རྫོང་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་བྱ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་དགོས་ཟེར།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་ནང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་བ་དང་ཏང་ཡོན་འཕེལ་རྒྱས་བྱ་བའི་སྲོལ་ཡིག ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་ཀྱི་ནང་དོན་བཀོད་སྒྲིག་བྱས་པའི་སློབ་ཁྲིད་སློབ་ཚན་བཀོད་སྒྲིག་བྱས་པ་དང་། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ལས་སྒོའི་ཟུར་ཁྲིད། ལས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། སློབ་མར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་མ་ཚོར་རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ་དང་། ལས་སྒོར་རྒྱུས་མངའ་ཡོད་པ། མཐོང་རྒྱ་ཆེ་རུ་གཏོང་པ་བཅས་བྱས་ཏེ་རྫོང་ཡོངས་སུ་ཏང་གཤིས་བཟང་པ་དང་འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་པ། བྱ་བ་ཏན་ཏིག བྱང་ཚད་མཐོ་བ་བཅས་ཀྱི་ཏང་དོན་ལས་སྒྲུབ་པའི་དཔུང་ཁག་ཅིག་འཛུགས་པ་དང་། གསར་གཏོད་གསར་སྐྲུན་གྱི་སྙིང་སྟོབས་ཆེ་རུ་ཏན་ཏིག་གཏོང་པ། ཏང་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་པའི་བསམ་ཕྱོགས་གསར་པ་ཇུས་འགོད་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་བྱ་བ་སྔར་ལས་ལེགས་པོ་སྤེལ་བར་རྨང་གཞི་ཡག་པོ་འདིང་རྒྱུ་དེ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号