དཔང་ཡིག་བླངས་ཀྱང་གཉེན་སྟོན་མ་བྱས་ན་གཉེན་སྒྲིག་ངོ་མར་བརྩི་འམ།

གཉེན་སྟོན་ནི་ཕོ་མོ་ཕྱོགས་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་འཛུགས་པའི་མཛད་སྒོ་ཡིན་ལ། གཉེན་སྒྲིག་བྱེད་ན་ནམ་རྒྱུན་རྟེན་འབྲེལ་གྱི་བྱ་འགུལ་སྤེལ་བཞིན་ཡོད་དེ། གཉེན་སྒྲིག་མཛད་སྒོ་སྤེལ་བ་དེ་དམངས་སྲོལ་དང་འབྲེལ་བ་ཡོད་པ་ཕུད། ད་དུང་ཆོས་ལུགས་དང་ཐ་ན་བཅའ་ཁྲིམས་ཀྱི་མཛད་སྒོའི་དོན་སྙིང་ལྡན་པས་གང་ཟག་ཀུན་ལ་ཕོ་མོ་ཕྱོགས་གཉིས་ཀས་གཉེན་སྒྲིག་གི་འབྲེལ་བ་བཞག་པ་ཁྱབ་སྒྲོག་བྱས་པར་མ་ཟད། སྤྱི་ཚོགས་སྤྱི་དམངས་ཀྱི་ཁས་ལེན་དང་སྨོན་འདུན་ཡང་ཐོབ་པར་བྱ་དགོས།

གཉེན་སྒྲིག་དཔང་ཡིག་ཅེས་པ་ནི་གཉེན་སྒྲིག་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཆོག་མཆན་བཀོད་ནས་སྤྲད་པའི་གཉེན་སྒྲིག་གི་འབྲེལ་བ་ནུས་ལྡན་དང་ར་སྤྲོད་བྱེད་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་ཞིག་ཡིན། རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1049པའི་གཏན་འཁེལ་ལྟར་ན། གཉེན་སྒྲིག་གི་རེ་བ་བཏོན་པའི་ཕོ་མོ་ཕྱོགས་གཉིས་ཀ་རང་ཉིད་དངོས་སུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་སོང་སྟེ་གཉེན་སྒྲིག་ཐོ་འགོད་བྱ་རྒྱུའི་རེ་འདུན་ཞུ་དགོས། བཅའ་ཁྲིམས་འདིའི་གཏན་འཁེལ་དང་མཐུན་པ་རྣམས་ལ་ཐོ་འགོད་བྱས་ནས་གཉེན་སྒྲིག་དཔང་ཡིག་སྤྲད་དགོས། གཉེན་སྒྲིག་ཐོ་འགོད་ལེགས་འགྲུབ་བྱུང་བ་ནི་གཉེན་སྒྲིག་གི་འབྲེལ་བ་གཏན་འཁེལ་བྱས་པ་ཡིན། གཉེན་སྒྲིག་ཐོ་འགོད་བྱས་མེད་ན་ཐོ་འགོད་གསབ་སྒྲུབ་བྱ་དགོས། གཏན་འཁེལ་འདིའི་ནང་དུ། (གཅིག) ཐོ་འགོད་བྱེད་པ་ནི་གཉེན་སྒྲིག་བྱེད་སྐབས་ངེས་པར་བརྒྱུད་དགོས་པའི་ཁྲིམས་བཀོད་གོ་རིམ་ཞིག་ཡིན། (གཉིས) ཐོ་འགོད་བྱེད་པ་ནི་གཉེན་སྒྲིག་བྱེད་པའི་ཁྲིམས་བཀོད་གོ་རིམ་ཉག་ཅིག་ཡིན། (གསུམ) གཉེན་སྒྲིག་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་རྒྱུ་ནི《དམངས་དོན་ཁྲིམས་གཞུང》གི་གཏན་འཁེལ་ལག་བསྟར་ནན་མོ་བྱས་ཏེ་གཉེན་སྒྲིག་གི་འབྲེལ་བ་སྲུང་སྐྱོང་བྱ་དགོས་པ་ཡིན། (བཞི) གཉེན་སྒྲིག་ཐོ་འགོད་ལམ་ལུགས་ལག་བསྟར་བྱས་ན། དོ་བདག་གི་ཁྲིམས་སྐྱོང་འདུ་ཤེས་ཇེ་མཐོར་གཏང་ཐུབ་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་སློབ་གསོ་བཏང་ནས་རྩོད་གཞི་ཉུང་དུ་གཏོང་ཞིང་། ལྷིང་འཇགས་མཐུན་སྒྲིལ་སྲུང་སྐྱོང་། དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་ཐུབ། དེར་བརྟེན། གཉེན་སྒྲིག་དཔང་ཡིག་བླངས་རྗེས་དངོས་སུ་གཉེན་སྟོན་མ་བྱས་ནའང་གཉེན་སྒྲིག་གི་འབྲེལ་བར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་བཞིན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号