བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།


   ལྔ་པ། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ཅི་ཞིག་ཡིན།
བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ནི“དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་གཙོ་བ། བྱས་རྗེས་འཇོག་པ”ཞེས་པ་དེ་ཡིན།

   དྲུག་པ། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་སྟེ། ཕྱོགས་གཅིག་ནས་དངོས་སློབ་དང་ཡིད་ཆེས། དངོས་སྤྱོད། དགོངས་དོན་ལ་གོ་བ་ལེན་པ་དང་ཁོང་དུ་ཆུད་པ། དོན་དངོས་དང་མཐུན་པ་བཅས་ཀྱི་ཐད་ད་དུང་མཐོང་ཆེན་བྱེད་དགོས་པའི་གནད་དོན་སྐོར་ཞིག་ཡོད། ཏང་ཡོན་དང་ལས་བྱེད་པ་ལ་ལར་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སྤྲོ་བ་ཆེན་པོ་མེད་པ་དང་། སློབ་སྦྱོང་བྱེད་འདོད་མེད་པ། སློབ་སྦྱོང་བྱེད་པ་དེ་རྣམ་པ་ཙམ་ཡིན་ལ། ལ་ལར་སློབ་སྦྱོང་གི་བརྒྱུད་རིམ་ཆ་ཚང་མིན་པ་དང་གཏིང་ཟབ་མིན་པ། ཕྱོགས་ཙམ་ཤེས་པ་དང་ཆོད་སེམས་མེད་པ། དོན་དངོས་ལ་རྒྱུས་ལོན་མི་བྱེད་པ། ཡང་ལ་ལར་སློབ་སྦྱོང་གི་དམིགས་ཡུལ་མེད་པ་དང་། སློབ་སྦྱོང་དང་ལག་ལེན་ཁ་བྲལ་དུ་གྱུར་པ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་དོན་དང་བྱ་གཞག་གསར་གཏོད་བྱེད་པའི་འཇོན་ནུས་སུ་བསྒྱུར་བར་མི་མཁས་པ་སོགས་ཀྱི་སྣང་ཚུལ་མང་པོ་ཡོད། གནད་དོན་དེ་དག་ལས་ཏང་གི་རིགས་པའི་གཞུང་ལུགས་ལ་དྲག་ཆས་སྤྲོས་པའི་ལས་དོན་དེ་རྣམ་པ་ཙམ་མ་ཡིན་པར་ངེས་པར་དུ་མུ་མཐུད་ནས་གཏིང་ཟབ་སར་བསྐྱོད་དགོས་པ་དང་དངོས་སྒྲུབ་ཀྱི་ཕྱོགས་སུ་བསྐྱོད་དགོས་པ་མཚོན་ཡོད། །
——《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུའི་སྟེང་གི་གསུང་བཤད》ལས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号