བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།

   ཉེར་ལྔ་པ། བརྗོད་དོན་སློབ་གསོས་དམིགས་འབེན་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་གཅིག་གྱུར་ཡོང་བར་རྒྱུན་འཁྱོངས་བྱས་ནས། ཕྱོགས་དྲུག་གི་འབུར་ཐོན་གནད་དོན་ཐག་གཅོད་དགོས་པ་ནི་གང་དག་ཡིན། 


གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་བྱང་ཚད། ནུས་པ་འཇོན་ཐང་། ཁག་ཁུར་ལས་སྒྲུབ། བྱ་བའི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་བཅས་ཕྱོགས་དྲུག་ཡིན། 



   ཉེར་དྲུག་པ། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོ་ལ་ཕན་འབྲས་ཡོད་མེད་ལྟ་དུས། ཆེས་ཐད་ཀར་དུ་མཐོང་ཐུབ་པ་ནི་ཏང་སྲོལ་ཕྱོགས་ན་གནས་པའི་གནད་དོན་ཐག་བཅད་ཡོད་མེད་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡར་རྒྱས་མངོན་སུམ་ཡོང་ཡོད་མེད་དེ་ཡིན་པས། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་བྱེད་པ་དངོས་སུ་འཛིན་པ་དང་། དམིགས་འབེན་ཕྱོགས་སྟོན་དང་གནད་དོན་ཕྱོགས་སྟོན་ཟུང་དུ་སྦྲེལ་བ་དང་བསླབ་བརྟག་བཅོས་གསུམ་ཕན་ཚུན་འབྲེལ་བ་བཅས་རྒྱུན་འཁྱོངས་བྱེད་པ། ཏང་སྲོལ་བླང་བྱར་ཚད་བསྡུར་གྱིས་ཁྱད་པར་འཚོལ་བ་དང་ཏང་གཤིས་བླང་བྱར་དཔེ་བསྡུར་གྱིས་འབྱུང་རྩ་འཚོལ་བ། ཏང་ཁྲིམས་བླང་བྱར་ཞིབ་བསྡུར་གྱིས་བྱེད་ཐབས་གསལ་པོར་བཟོ་བ་བཅས་ཀྱི་སྒོ་ནས། ལྟ་ཞིབ་བཅོས་སྐྱོང་གི་དངོས་ཕན་ཇེ་དྲག་ཏུ་གཏོང་དགོས། 


—2023ལོའི་ཟླ6པའི་ཚེས8ཉིན། ཞི་ཅིན་ཕིང་གི་ནང་སོག་ཏུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号