ལྷོ་ཁོ་རེ་ཡའི་མེ་སྐྱོན་འདིའི་ཁྲོད་ཀྲུང་གོ་བ18གྲོངས་འདུག

ལྷོ་ཁོ་རེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཚེས24ཉིན། ལྷོ་ཁོ་རེ་ཡའི་ཅིང་ཅི་ཏའོ་ཞིང་ཆེན་ཧྭ་གྲོང་ཁྱེར་གྱི་གློག་རྫས་བཟོ་གྲྭའི་མེ་སྐྱོན་ཁྲོད་ཀྲུང་གོའི་སྤྱི་དམངས18རྐྱེན་ལམ་དུ་ཤོར་བ་གཏན་འཁེལ་བྱས་པ་རེད། ཡུལ་དངོས་ཀྱི་རོགས་སྐྱོབ་མི་སྣས་བརྡ་ཁྱབ་བཏང་བའི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ད་ཐེངས་ཀྱི་མེ་སྐྱོན་ཁྲོད་མི22རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་སྐྱོན་ཕོག་པ། མི1གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།


     ལྷོ་ཁོ་རེ་ཡའི་ཅིང་ཅི་ཏའོ་ཞིང་ཆེན་མེ་ཟོན་གནོད་འཚེ་པུས་བརྡ་ཁྱབ་བཏང་བར་གཞིགས་ན། ཉིན་དེའི་སྔ་དྲོའི་ཆུ་ཚོད10དང་སྐར་མ31ཙམ་དུ། ལྷོ་ཁོ་རེ་ཡའི་ཅིང་ཅི་ཏའོ་ཞིང་ཆེན་ཧྭ་གྲོང་ཁྱེར་གྱི་ཐོན་ལས་གླིང་ཁུལ་ཞིག་ཏུ་གནས་པའི་ལིས་གློག་རྫས་བཟོ་གྲྭ་ཞིག་ཏུ་མེ་ཤོར་ཡོད། ཆུ་ཚོད15དང་སྐར་མ10ཙམ་གྱི་ཐོག་མེ་སྐྱོན་ཚོད་འཛིན་ཐུབ་ནས་མེ་ཟོན་སྡེ་ཚན་གྱིས་འཛུགས་སྐྲུན་དངོས་པོའི་ནང་ཁུལ་དུ་འཚོལ་སྐྱོབ་བྱེད་འགོ་བཙུགས་ཡོད། ཉིན་དེའི་སྔ་ཙམ་གྱི་སྐབས་སུ་མེ་ཟོན་སྡེ་ཚན་གྱིས། མེ་སྐྱོན་འདིའི་ཁྲོད་མི23གར་སོང་ཆ་མེད་དུ་གྱུར་བའི་ནང་། མི20ནི་ཕྱི་རྒྱལ་གྱི་མི་ཡིན་ཞེས་བརྗོད་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། གློག་རྫས་བཟོ་གྲྭ་འདིའི་ནང་ལིས་གློག་རྫས་ཐོན་རྫས་འབོར་ཆེན་གསོག་ཉར་བྱས་ཡོད་པ་དང་། མེ་སྐྱོན་གྱི་དབང་གིས་གློག་རྫས་མང་པོ་འབར་གས་བྱུང་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号