དམིགས་བསལ་དཀའ་ངལ་ཡོད་མཁན་ལ་རོགས་དངུལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས། 

 ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་མཚམས་སུ། དམངས་སྲིད་པུའུ་དང་ནོར་སྲིད་པུས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྲོད་ཐེངས་གཅིག་ལ་འཚོ་བའི་ཁ་གསབ་སྤྲོད་རྒྱུའི་བཀོད་སྒྲིག་བྱས་པ་རེད།

དམངས་སྲིད་པུའུ་དང་ནོར་སྲིད་པུས་ས་གནས་ཁག་གི་དམངས་སྲིད་དང་ནོར་སྲིད་སྡེ་ཚན་ལ་ད་ཐེངས་ཀྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་པའི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོར་བྱས་ཏེ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་སྒྲིག་འཛུགས་ལག་བསྟར་ནན་ཏན་བྱེད་དགོས་པ། གཏོང་སྤྲོད་ཀྱི་ཁྱབ་ཁོངས་ལ་ཞིབ་བཤེར་ནན་པོར་བྱེད་པ་དང་། གཏོང་སྤྲོད་ཀྱི་གོ་རིམ་ཚད་ལྡན་བཟོས་ནས་མ་དངུལ་དང་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱས་ཏེ། ཟླ10པའི་ཚེས1ཉིན་གྱི་གོང་ལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་ཐུབ་པར་བྱས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དུས་ཐོག་ཏུ་བརྒྱུད་སྤྲོད་བྱ་རྒྱུའི་བླང་བྱ་བཏོན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号