མཁས་གྲུབ་ལ་བརྟག་དཔྱད་བྱེད་བཞིན་འདུག 

ཉེ་ཆར། ཉིང་ཁྲི་གྲོང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉིང་ཁྲི་གྲོང་ཨུད་ཀྱི་ལྟ་ཞིབ་ཨུ་ལྷན་གྱིས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་སུམ་འཛོམས་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་རྡལ་གྱི་འགོ་འཛིན་ཟུར་པ་མཁས་གྲུབ་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་དོན་ཐོ་རུ་བཀོད་དེ་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། མཁས་གྲུབ་ཀྱི་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་སྐྱུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ། དུས་ཡུན་རིང་པོའི་ནང་སྒྲིག་སྲོལ་ལས་འགལ་ནས་གཞུང་དྲང་ཐོག་གཞུང་དོན་བསྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་བླངས་པ། རང་ཉིད་སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་རིགས་གཞན་ལ་སྤྲོད་དུ་བཅུག་པ་དང་། འགན་འཁྲི་ལག་བསྟར་ཡང་དག་མ་བྱས་པས། གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་ཕོག་པ་དང་འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་པའི་ལས་སྒོར་སྒྲིག་འགལ་ཐོག་ནས་ཐེ་གཏོགས་དང་ཐེ་ཇུས་བྱས་པ། སྤྱི་པའི་དབང་ཆ་སྒེར་དོན་དུ་སྤྱོད་པ་དང་། ལས་གནས་ཀྱི་སྟབས་བདེར་བརྟེན་ནས་གཞན་ལ་རྣམ་གྲངས་འགན་ལེན་བྱེད་པ་སོགས་ཀྱི་ཐོག་ནས་ཁེ་ཕན་གཉེར་བ་མ་ཟད། ཁྲིམས་དང་འགལ་ཏེ་རྒྱུ་ནོར་བླངས་ཤིང་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ་རེད།

མཁས་གྲུབ་ཀྱིས་ཏང་གི་སྤྱོད་གཙང་གི་སྒྲིག་ཁྲིམས་དང་ལས་ཀའི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་དང་། ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དུ་གྲུབ་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡང་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྔར་བཞིན་ཚོད་མི་བཟུང་ཞིང་། མཚམས་མི་འཇོག་པས། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་པོར་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ཀྱི་རྒྱུན་ཨུད་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། མཁས་གྲུབ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ཉིང་ཁྲི་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་ཞབས་པའི་ལས་གནས་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། ཀྲུང་གོའི་གུང་ཁྲན་ཏང་སྤོ་མེས་རྫོང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号