གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་སྙན།

ཉེ་ཆར། གསར་འགོད་པ“གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན་པའི”བརྟག་ཞིབ་བཅར་འདྲི་ཚོགས་པ་དང་མཉམ་དུ་བོད་ལྗོངས་སུ་བསྐྱོད་ནས། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་འདི་ཉིད་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་འཕོ་འགྱུར་ཆེན་པོ་མྱོང་ཚོར་ངོ་མ་ཐུབ་བྱུང་ལ། མི་རིགས་ཁག་གི་བུ་ཕྲུག་གིས་གངས་ལྗོངས་ས་མཐོར་མཉམ་དུ་བླངས་པའི་དུས་རབས་གསར་པའི་མཐུན་སྒྲིལ་གྱི་གླུ་དབྱངས་ཀྱང་དངོས་སུ་ཐོས་བྱུང་།

འགྱུར་ཁུག་འདི་ལས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི་དྲོ་སྐྱིད་སྦྱིན་ཡོད། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་ཤང་དུ་དུད་ཚང་ཚང་མར་དྲོད་རླངས་དང་གསོ་རླུང་མཁོ་འདོན་ཐུབ་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་རྒྱུན་མཐུད་མཐོ་རུ་ཕྱིན་པ། ནད་རིགས་མང་པོ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མེད་པར་བཟོས་པ་སོགས། དམངས་འཚོའི་བྱ་བ་དངོས་མང་པོ་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་ཐུབ་པས་གངས་ལྗོངས་ཀྱི་བུ་ཕྲུག་ཚོའི་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་མི་རིགས་ཁག་གི་ལས་བྱེད་པས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་བཞིན་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས། བསམ་བློ་གཅིག་ཏུ་གཏོང་བ་དང་ངར་ཤུགས་གཅིག་ཏུ་སྒྲིམ་པའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།

འགྱུར་ཁུག་འདི་ལས་ས་མཐོར་གཞིས་ཚུགས་ནས་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་བའི་བརྟན་སྲུང་བརྗོད་ཡོད། ས་མཐོར་ལས་ཀ་བྱེད་སྐབས་དཀོན་ཤོས་ནི་གསོ་རླུང་དང་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད། བོད་སྐྱོར་ཤེས་ལྡན་ལས་བྱེད་པ་ཁག་མང་པོས་སེམས་ནུས་དང་རྔུལ་ཆུར་བརྟེན་ནས་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། བོད་སྐྱོར་ཤེས་ལྡན་ལས་བྱེད་པ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་བྱེད་བཞིན་ཡོད།

འགྱུར་ཁུག་འདི་ལས་ཐུན་མོང་དར་རྒྱས་གོང་འཕེལ་མཐའ་འཁྱོངས་བྱེད་པའི་སྟོབས་ཤུགས་མངོན་ཡོད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་སྣམ་བུའི་བཟོ་རྩལ་རྒྱལ་སྤྱིའི་གར་སྟེགས་ཐོག་དར་ཁྱབ་བྱུང་ནས་བོད་ཀྱི་བུ་ཕྲུག་གི་མཚར་སྡུག་ལྡན་པའི་རི་མོ་གསར་པ་ཞིག་བཀོད་པ་དང་། ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་གི་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་མི་ལོ་སྟོང་ཕྲག་སོང་བའི་སྟར་སྡོང་གླིང་དུ་སྐྱེ་ཁམས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ནས“ཕྱུག་འགྱུར་འབྲས་བུ”སྨིན་པ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་རྒུན་འབྲུམ་ཨ་རག་ཁྲོམ་རར་བཏོན་ནས་རི་ཁུག་གི“མུ་ཏིག་ནག་པོ”སྐད་གྲགས་ཡོངས་སུ་ཆོད་པ་སོགས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་བོད་ཀྱི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཏེ། དཔལ་འབྱོར་ལ་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་འཕེལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号